65014
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། འཇུག་པའི་སྒྲུབ་པ། འཇུག་ཡུལ་ཐེག་ཆེན་ལ་རིམ་པས་འཛེགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །ཀུན་མཁྱེན་གོ་རམས་པས། འཇུག་ཡུལ་ཐེག་པ་ཆེན་པོ་ལ་ཚོགས་ཀྱི་ལམ་ལས་འདས་ནས་སྦྱོར་བའི་བརྩོན་འགྲུས་ཀྱིས་འཇུག་པ་དང་འཛེག་པའི་སྒྲུབ་པ་སྟེ། མདོར། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་སེམས་ཆེན་པོ་ཐེག་པ་ཆེན་པོ་ལ་འཇུག་པ་དང། ཐེག་པ་ཆེན་པོ་ལ་འཛེག་པར་འགྱུར་བ་ཡིན་ཞེས་གསུངས་པས་སོ། །འཇུག་པ་དང་འཛེག་པ་གཉིས་དོན་གཅིག་ཏེ། ཉི་སྣང་དུ། དེ་ཡང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་འཛེག་པ་ཡིན་ལ་འཛེག་པ་འཇུག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། ། འཇུག་སྒྲུབ་ཀྱི་མཚན་ཉིད་ནི། ཡུལ་མཁྱེན་གསུམ་གྱི་བསྒྲུབ་པས་ཟིན་པའི་ཡུལ་ཅན་ཕྱིན་དྲུག་གི་ཉམས་ལེན་ལ་སྦྱོར་བས་ཚུལ་བཞིན་དུ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བའོོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱིན་དྲུག་རེེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འཇུག་སྒྲུབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འཇུག་སྒྲུབ་ཀྱི་མཚན་ཉིད། ཐེག་ཆེན་སྦྱོར་ལམ་ཡན་གྱི་སྒོམ་བྱུང་གི་རྟོགས་པ་ལ་གནས་པའི་སྐབས་ཀྱི་བྱང་སེམས་ཀྱི་སྒྲུབ་པ་དེ་དེའི་མཚན་ཉིད་ཡིན་ཏེ། ཉ་དབོན་ཀུན་དགའ་དཔལ་གྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། འཇུག་པའི་སྒྲུབ་པ་ནི། བྱང་སེའི་སྒྲུབ་པ་གང་ཞིག་སྦྱོར་བའི་བྱ་བ་འདིར་སྨོས་འཇུག་སྒྲུབ་ཀྱི་མཚན་ཉིད། འཇུག་ཡུལ་ཐེག་ཆེན་དགུ་ཆར་རམ་གང་རུང་ལ་འཇུག་ཅིང་འཛེག་པའི་སྒྲུབ་པའོ། །དབྱེ་ན་དགུ་ཡོད། ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མ་ལས། ད་ནི་འཇུག་པའི་སྒྲུབ་པ་བཤད་པ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ཞེས་པ་ནས་ཆེད་དུ་བྱ་དང་མངོན་ཤེས་དྲུག་ཅེས་པ་རྣམས་ཀྱིས་སྒྲུབ་པའི་ངོ་བོ་བསྟན་ནོ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཞེས་པས་ཡུལ་གང་ལ་འཇུག་པ་སྟོན་ནོ། །ཐེག་ཆེན་ལ་འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་པས་སྒྲུབ་པ་འདིའི་བྱེད་ལས་སྟོན་པ་ཡིན་ནོ། །བྱང་སེམས་ཀྱི་མཐོང་སྒོམ་གཉིས་པོ་མཚན་གཞིའོ། །བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་མཐོང་ལམ་ནི་མཚོན་བྱའོ། །མཚོན་བྱའི་སྒྲ་དོན་ནི། སྒོམ་བྱུང་གཙོ་བོར་གྱུར་པའི་གནས་སྐབས་བྱང་སེམས་རྣམས་ཀྱི་ཐེག་ཆེན་ལ་གོང་ནས་གོང་དུ་ཡོན་ཏན་མྱུར་དུ་འཕེལ་བར་བྱེད་པའི་བྱང་སེམས་ཚོགས་ལམ་ཡན་གྱི་གནས་སྐབས་ཀྱི་སྒྲུབ་པ་ལ་འཇུག་པའི་སྒྲུབ་པ་ཞེས་བྱའོ། །ས་མཚམས་བྱང་སེམས་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་རོ། །འཇུག་ཡུལ་ཐེག་ཆེན་ནི། བགྲོད་པ་གང་ཞིག་ཆེན་པོ་བདུན་ལྡན། དེ་ལ་དབྱེ་ན། འཇུག་ཡུལ་ཐེག་ཆེན་དགུ་ཡོད་དོ། །ཉ་ཊཱིཀ་ལས། མཚན་ཉིད་ནི། རྫོགས་བྱང་མཐར་ཕྱིན་པའམ། དེར་བགྲོད་པའི་ཐབས་ཁྱད་པར་ཅན་ནོ། །དེ་ལ་གཉིས་ལས། རྒྱུའི་ཐེག་ཆེན་དང་འབྲས་བུའི་ཐེག་ཆེན་གཉིས་སོ། ། |
{{#arraymap:འཇུག་སྒྲུབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མངོན་རྟོགས་རྒྱན་གྱི་སྐབས་དང་པོ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུའི་ནང་གསེས་ཞིག་སྟེ། བྱང་ཆུབ་སེམས་དཔའ་ཐེག་ཆེན་གྱི་ལམ་ལ་དངོས་སུ་འཇུག་པའི་སྐབས་བསམ་གཏན་གཟུགས་མེད་སོགས་འཇུག་བྱ་དགུ་ལ་འཇུག་པའི་མངོན་རྟོགས་ལ་འཇུག་སྒྲུབ་ཅེས་འཇོག་པ་ཡིན་ནོ། །མདོ་ལས་བསྟན་ཚུལ་ནི། ཡུམ་བར་མ་ཉི་ཁྲི་ལས། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་འཛེག་པར་འགྱུར་བ་ཡིན། ཞེས་སོགས་ཀྱིས་བསྟན། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས་ངོ་བོ་ནི། ཐེག་ཆེན་གྱི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་རྩེ་མོའི་སྦྱོར་བ་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། ཞེས་འཇོག པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས་མཚན་ཉིད་ནི། ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། ཞེས་འཇོག མཐའ་དཔྱོད་ལས། མཚན་ཉིད་ནི། ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་རྩེ་སྦྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། ཞེས་འཇོག ས་མཚམས་ནི། ཐེག་ཆེན་སྦྱོར་ལམ་ནས་རྒྱུན་མཐའི་བར་ཡོད། དེ་ཡང་འཇུག་བྱ་དགུ་ཡོད་པའི་གནད་ཀྱིས་འཇུག་སྒྲུབ་ལ་རྣམ་པ་དགུ་ཡོད་དེ། ༡ ལམ་གྱི་རྟེན་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་དང༌། ༢ རྟོགས་པ་མཐར་ཐུག་སྒྲུབ་བྱེད་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ༣ སྤངས་པ་མཐར་ཐུག་སྒྲུབ་བྱེད་མཐོང་བ་དང་སྒོམ་པ་དང༌མི་སློབ་པ་དང༌ཁྱད་པར་གྱི་ལམ་དང༌། ༤ གཞན་དོན་སྒྲུབ་པའི་ཐབས་ཚད་མེད་པ་བཞི་དང༌། ༥ གཞན་དོན་རྣམ་པར་དག་བྱེད་མི་དམིགས་པ་དང་ལྡན་པ་དང༌། ༦ ཐེག་དམན་ལས་འབྱེད་བྱེད་དངོས་པོ་ཐམས་ཅད་ལ་འཁོར་གསུམ་རྣམ་པར་དག་པ་དང༌། ༧ ཆེད་དུ་བྱ་བ་ཆེན་པོ་གསུམ་དང༌། ༨ རྒྱུ་མངོན་པར་ཤེས་པ་དྲུག་དང༌། ༩ འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ནས་ཡང་དག་པར་གནས་པའི་མཚན་ཉིད་ཀྱི་ཉམས་ལེན་གྱི་བྱ་བ་བཅས་སོ། ། |
{{#arraymap:འཇུག་སྒྲུབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དམ་པའི་ཆོས་མཐའ་དག་ཉམས་སུ་ལེན་པའི་སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་བའི་སེམས་དཔའི་རྣལ་འབྱོར་གང་ཞིག བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཐོབ་པའི་རྒྱུད་ཀྱིས་བསྡུས་པ་འཇུག་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་རྣམ་པ་དགུ་ཡོད་དེ། བསམ་གཏན་གཟུགས་མེད་ཉམས་ལེན་ལ་འཇུག་པའི་སྒྲུབ་པ་ནས་རྣམ་མཁྱེན་ལ་འཇུག་པའི་སྒྲུབ་པའི་བར་རྣམས་སུ་ཡོད་པའི་ཕྱིར། འཇུག་སྒྲུབ་ལ་དགུར་གྲངས་ངེས་ཏེ། འཇུག་ཡུལ་དགུར་གྲངས་ངེས་པའི་ཕྱིར་ཏེ། འཇུག་ཡུལ་ལ་འཇིག་རྟེན་པ་དང་མཐུན་པའི་དམ་ཆོས་དང་འཇིག་རྟེན་ལས་འདས་པའི་དམ་ཆོས་གཉིས་སུ་གྲངས་ངེས་པའི་ཕྱིར། |
{{#arraymap:འཇུག་སྒྲུབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་རྣམས་སྦྱོར་བས་ཉམས་སུ་ལེན་པ་ལ་འཇུག་པའི་སྒྲུབ་པ་ཡིན་པས་ན་དེ་སྐད་ཅེེས་བྱའོ། ། དེ་ལ་འཇུག་ཡུལ་ཐེག་པ་ཆེན་པོའི་སྒོ་ནས་དབྱེ་ན་དགུར་ཡོད་དེ། ལམ་གྱི་རྟེན་གྱི་དབང་དུ་བྱས་པ་བསམ་གཏན་གཟུགས་མེད་ཀྱི་འཇུག་སྒྲུབ། ངོ་བོའི་དབང་དུ་བྱས་པ་མཐོང་ལམ། སྒོམ་ལམ། མི་སློབ་ལམ། ཁྱད་པར་གྱི་ལམ་གྱི་ངོ་བོར་གྱུར་པའི་འཇུག་སྒྲུབ་བཞི། ཁྱད་ཆོས་ཀྱི་དབང་དུ་བྱས་པ་ཚད་མེད་བཞི། མངོན་ཤེས་དྲུག །འཁོར་གསུམ་རྣམ་པར་མི་རྟོག་པའི་འཇུག་སྒྲུབ་སྟེ་གསུམ། ལམ་གྱི་འབྲས་བུའི་དབང་དུ་བྱས་པ་རྣམ་ཀུན་མཁྱེན་ཉིད་ཀྱི་འཇུག་སྒྲུབ་རྣམས་སུ་ཡོད་པའི་ཕྱིར། ས་མཚམས་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། |
{{#arraymap:འཇུག་སྒྲུབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྣམ་མཁྱེན་སྒྲུབ་པར་བྱེད་པ་ལ་སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་སེམས་དཔའི་རྣལ་འབྱོར། དེ་དང་ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་སེམས་དཔའི་རྣལ་འབྱོར་དོན་གཅིག |
{{#arraymap:འཇུག་སྒྲུབ་
|; |@@@ | | }}