65029

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུར་ (1)
Part of speech བྱ་ཚིག
Definition སྐུད་པ་སྒྲིམ་སྐབས་ཤུགས་ཆེ་དྲགས་ནས་མདུད་པ་ལྟ་བུ་ཆགས་པའི་དོན་ཏེ།
Example རྩུད་སྐུད་འཇུར་ན་བཟོ་མི་ལོ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།

{{#arraymap:འཇུར་

|; |@@@ | | }}

འཇུར་ (2)
Part of speech བྱ་ཚིག
Definition བླུག་བྱེད་སྐབས་བླུག་ལེགས་པོ་མ་བརྒྱུགས་ནས་ཆ་ཤས་འགའ་ཞིག་རྡོག་རྡོག་ཆགས་པ་སྟེ།
Example སྐུ་བླུག་པ་འཇུར་ན་ཧ་ཅང་མི་མཛེས་ལྟ་བུ།

{{#arraymap:འཇུར་

|; |@@@ | | }}

འཇུར་ (3)
Part of speech བྱ་ཚིག
Definition དངོས་པོ་གཉིས་ཀྱི་བར་དུ་གཞན་ཞིག་ནན་གྱི་བསྡམས་པའམ་བཅུགས་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [གཅུར།, མར་རྡོ་བར་ལ་གཅུར་ན་ཆུ་གཙང་མ་ལེན་ཐུབ།]
Present [འཇུར།, ཤ་འཇུར་བྱེད་ཀྱི་སྐམ་པ།]
Past [བཅུར།, ཤ་བཅུར་ནས་ཁྲག་བཏོན།]
Imperative [ཆུར།, ཕྱུར་བ་རློན་པ་ཆུར་ཞིག་ལྟ་བུ།]

{{#arraymap:འཇུར་

|; |@@@ | | }}

འཇུར་ (4)
Part of speech བྱ་ཚིག
Definition དགྲ་སོགས་ཨར་ལ་གཏད་ནས་ཅི་བྱ་གཏོལ་མེད་བྱས་པའི་དོན།
Future [གཅུར།, རྐུན་མ་ཤེས་དུས་གཅུར་དགོས།]
Present [འཇུར།, དགྲ་འཇུར་ཐབས་ཀྱི་བྱུས།]
Past [བཅུར།, དགྲ་དམག་བཅུར་ནས་མགོ་བཏགས།]
Imperative [ཆུར།, མ་རབས་རྣམས་ཆུར་ཞིག་ལྟ་བུ།]

{{#arraymap:འཇུར་

|; |@@@ | | }}

འཇུར་ (1)
Part of speech མིང་ཚིག
Definition སྲོག་ཆགས་འཛིན་བྱེད་ཀྱི་རྙིའི་རིགས་ཤིག་སྟེ། དབྱུག་པ་རིང་པོ་ཞིག་ས་ལ་བརྟན་པོར་བཙུགས་ཤིང་དབྱུག་པ་དེ་མར་བཀུག་པའི་སྣེ་གཅིག་ལ་རྙི་ཐག་རིང་ཙམ་ཞིག་བཏགས་ནས་ས་འོག་སྦས་པའི་ནང་སེམས་ཅན་གྱིས་བརྫིས་ན་འཛིན་ཐུབ་པའི་ཐབས་ཞིག་སྟེ། དེ་ལ་འཇུར་བཙུགས་ཟེར།

{{#arraymap:འཇུར་

|; |@@@ | | }}

འཇུར་ (2)
Part of speech མིང་ཚིག
Definition ཤེད་ཤུགས་ཉམས་པའི་དོན་ཏེ།
Example རྩ་འཇུར་ཞེས་པ་ལྟ་བུ།

{{#arraymap:འཇུར་

|; |@@@ | | }}