65073
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། རང་བཞིན་ཁྱད་ཆོས་གསུམ་ལྡན་གྱི་ནང་གསེས་ཁྱད་ཆོས་ཤིག་སྟེ། སྟོང་ཉིད་དེ་འཇོག་བྱེད་གཞན་ལ་རག་མ་ལས་པ་ཡིན་པ་དང་། རིང་པོ་དང། ཕ་རི། མེའི་ཚ་བ་སོགས་འཇོག་བྱེད་གཞན་ལ་རག་ལས་པ་ཡིན་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཐག་པ་ཁྲུ་གང་པ་གཅིག་རིང་པོར་འཛིན་པ་ན། མཐོ་གང་བ་ལ་བལྟོས་ཏེ་རིང་པོར་འཇོག་པ་ཡིན་གྱི། ཐག་པ་འདོམ་གང་བ་ཞིག་མངོན་དུ་གྱུར་པ་ན། རིང་པོའི་བློ་འདོར་བ་དང༌། ཕ་རི་ཚུ་རི་ལ་བལྟོས་པ་དང༌། ཚུ་རི་ཕ་རི་ལ་བལྟོས་པ་དང༌། མེའི་ཚ་བ་དེ། ཆུའི་ཚ་བ་ལ་བལྟོས་ཏེ་མེའི་རང་བཞིན་ཡིན་པ་འཇིག་རྟེན་དུ་གྲགས་ཀྱང༌། མེའི་རང་བཞིན་མངོན་སུམ་དུ་རྟོགས་པའི་གང་ཟག་གིས། དེ་མེའི་རང་བཞིན་ཡིན་པ་འདོར་བ་ལྟར་ཡིན་པའི་ཕྱིར། མེ་བདེན་པས་སྟོང་པ་དེ་མེའི་དུས་གསུམ་ག་ལ་མ་འཁྲུལ་བ་ཡིན་པའི་ཕྱིར། དེར་ཐལ། མེའི་འདས་མ་འོངས་ཀྱི་དུས་སུ་ཡང་མེ་བདེན་པས་སྟོང་པའི་ཕྱིར། དེར་ཐལ། མེའི་འདས་མ་འོངས་ཀྱི་དུས་སུ་ཡང་དེ་བདེན་པར་མ་གྲུབ་པའི་ཕྱིར། འཇོག་བྱེད་གཞན་ལ་རག་མ་ལས་པའི་དོན་དེ་ལྟར་ཡིན་གྱི། རྒྱུ་རྐྱེན་ལ་རག་མ་ལས་པའི་དོན་མ་ཡིན་ཏེ། དེ་ཡིན་ན་ཁྱད་ཆོས་དང་པོ་དང་ཟློས་པའི་སྐྱོན་ཡོད་པའི་ཕྱིར། རང་གི་ཆ་ཤས་ལ་མི་བལྟོས་པའི་དོན་མ་ཡིན་ཏེ། དེ་ཡིན་ན་རྟེན་འབྲེལ་མ་ཡིན་པའི་སྐྱོན་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |