6508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིས་ཀ་མ་ཡིན་པའི་སྡེ་ (1)
Part of speech མིང་ཚིག
Definition བོན། མདོ་སྔགས་སེམས་གསུམ་གྱི་བོན་སྐོར་ལས་མདོ་སྔགས་ཕྱོགས་སུ་གཏོགས་པ་རྣམས་ཡིན་ཏེ། མདོ་གཟེར་མིག་ལས། བོན་གཉིས་ཀ་མ་ཡིན་པའི་སྡེ་ནི། འཕན་ཡུལ་འདོན་མཆོད་དང་། ཆབ་དཀར་བསྙེན་བསྒྲུབ་གཉིས་ཏེ། རྒྱས་པ་འབུམ་དུ་བསྒྲགས་པ་དང། ནག་པོ་སྔགས་སུ་བསྒྲུབ་པའོ། །ཞེས་སོ། །ཤེེར་ཕྱིན་སྐབས་དང་པོ་ལས། མཚན་གཞི་ནི། གསང་སྔགས་བསྙེན་སྒྲུབ་རྒྱུད་སོགས་བཞག་པས་སོ། །བོན་སྒོ་འདི་དག་བློ་འབྲིང་ལ་ལྟོས་ནས་བསྟན་ཏེ། མདོ་གཟེར་མིག་ལས། བོན་གཉིས་ཀ་མ་ཡིན་པའི་སྡེ་ནི་དབང་པོ་འབྲིང་གི་སྣོད་དང་ལྡན་པའོ། །ཞེས་སོ། །
Domain ཆོས་ལུགས།