65097
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་ནི་ཁྲོ་བོ་གཤིན་རྗེ་གཤེད་དེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། འཇོམས་པ་ཆེན་པོ་རེག་པ་དང་ཞེས་བྱ་བ་ལ་སོགས་པ་འདི་དག་ལུས་ཀྱི་དཀྱིལ་འཁོར་དང་། རྫོགས་པ་ཆེན་པོའི་དཀྱིལ་འཁོར་རྣམ་གསུམ་གྱི་སྒོ་སྲུང་བ་དང་། བདུད་བཞི་འདུལ་བར་བྱེད་པའོ། །དེ་ལུས་ཀྱི་རྣམ་པར་ཤེས་པའི་གནས་བཞི་དང་ལྡན་པ་སྟེ། ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་གྱི་གནས་རེག་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་ཁྲོ་བོ་གཤིན་རྗེ་གཤེད་དོ། །ཅིའི་ཕྱིར་ཞེ་ན། གཤིན་རྗེ་ནི་ཞེ་སྡང་གི་དབང་གི་བྱུང་སྟེ། དེའི་ཕྱིར་འཆི་བདག་གི་བདུད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |