65099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་ (1)
Part of speech མིང་ཚིག
Definition རྙིང་མ། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་ནི་ཁྲོ་བོ་རྟ་མགྲིན་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། འཇོམས་པ་ཆེན་པོ་རེག་བྱེད་དང་ཞེས་བྱ་བ། འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པའི་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་བྱེད་པའི་གཟུགས་དྭངས་པ་སྟེ། བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ། །དེ་ལྟར་དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་ཁྲོ་བོ་རྟ་མགྲིན་ལ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་བདུད་ནི་ཆགས་པའི་དབང་གིས་འབྱུང་བའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།