65113
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱེའུའི་རིགས་ཤིག་སྟེ། བོད་ཀྱི་ནགས་ཚལ་དང་ཤིང་ཕྲན་ཡོད་པའི་གྲོག་ཀླུང་དུ་འཚོ་གནས་བྱེད་ཅིང༌། སྤྱིར་བཏང་གཉིས་རེ་ཆ་འགྲོགས་ནས་སྡོད་པ། སྐད་སྙན་འདྲ་མིན་སྣ་ཚོགས་འབྱིན་པ་ནི་བྱིའུ་འདིའི་དམིགས་བསལ་ཁྱད་ཆོས་ཡིན་ལ། ཟས་སུ་འབུ་སྲིན་དང༌། རྩྭ་འབྲུ། ཤིང་འབྲས་ཆུང་ངུའི་རིགས། ཞིང་སྐྱེས་ལོ་ཏོག་སོགས་བཟའ། གྲང་ལྷག་བཟོད་པའི་ནུས་པ་དང་ནམ་འཕང་གཅོད་པའི་རྩལ་མཐུ་ཞན་ཡང་ལུས་པོ་བདེ་ལྕག་འཁྱུག་ཅིང་འཇུམ་རྩལ་ཆེ་བ་དང༌། རྒྱུག་པའི་གོམ་སྟབས་ཀྱང་མགྱོགས། ལུས་པོའི་སྤུ་མདོག་ས་གནས་དང༌། ནམ་དུས། ཕོ་མོའི་ཁྱད་པར་སོགས་ཀྱིས་འདྲ་མིན་སྣ་ཚོགས་ཡོད། གཟུགས་པོའི་རིང་ཚད་རྨིད་ ༠་༡༢ ཙམ་ཡོད་ཅིང་གཤོག་ཟུང་ཅུང་ཐུང་བ་དང༌། མཇུག་སྒྲོ་ལུས་ཚད་ལས་རིང་བ། ཤིན་ཏུ་མཚར་བའི་ལུས་བྱད་དང་ལྡན་པ་ཞིག་གོ ། |