65115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇོལ་ཟངས་སྒྲུབ་དགོན་ (1)
Part of speech མིང་ཚིག
Definition མདོ་ཁམས་བདེ་ཆེན་ཐང་དིའུ་གྲོང་ཚོའི་ཁྱབ་ཁོངས་སུ་ཡོད་པའི་སྟག་ལུང་པའི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན། དུས་རབ་བཅུ་དྲུག་པའི་དཀྱིལ་སྟོད་ཙམ་ལ་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ཉིད་ཀྱི་སློབ་མ་ཆོས་མཛད་ངག་དབང་ཤེས་རབ་ལྗང་རྒྱལ་པོ་བསོད་ནམས་རབ་བརྟན་གྱི་དབུ་བླ་བཏང་ཞིང་། ལྗང་ཆོས་རྒྱལ་གྱིས་ཡོན་བདག་བྱས་ཏེ་མཆོད་ཡོན་ཟུང་འབྲེལ་གྱིས་དགོན་སྡེ་དུ་མ་བཏབ་པའི་གྲས་ཤིག་ཡིན། སྔོན་དུས་སུ་གྲྭ་པ་སུམ་བརྒྱ་ཙམ་ཡོད་འདུག་ཅིང་། ཟངས་སྒྲུབ་དབོན་པོ་མཁན་པོ་མི་འཁྲུགས་ཕྲིན་ལས་རབ་རྒྱལ་གྱི་སྤྲུལ་སྐུ་ངག་དབང་གྲགས་པ་མཆོག་ད་ལྟ་འཚོ་བཞུགས་ངང་དགོན་སྡེ་ལ་གཟིགས་རྟོགས་གང་ཐུབ་གནང་བཞིན་པར་གྲགས། སྤྱིར་མཆོད་ཡོན་འདི་གཉིས་སྐབས་བཏབ་པའི་མདོ་པ་སྤང་ཕུག་དགོན་དང་ཉིང་ནག་སྟག་ཕུ་དགོན། སོགས་མང་པོ་ཞིག་ཡོད་ཚུལ་གསལ།