65120

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐག་ (1)
Part of speech བྱ་ཚིག
Definition རྒྱུ་སྐུད་དང་སྤུན་འཐབ་ནས་འཐག་ཆས་ཀྱིས་རས་དང་རེ་བ་སོགས་བཟོ་སྐྲུན་བྱས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བཏག།, རེ་བཏག་པ་ལ་ཡོ་བྱད་མང་པོ་བསྒྲིག་དགོས།]
Present [འཐག, རས་འཐག་བྱེད་ཀྱི་འཕྲུལ་ཆས།]
Past [བཏགས།, རས་བཏགས་ནས་གྱོན་པ་བཟོས།]
Imperative [འཐོགས།, རེ་འཐོགས་ལ་སྦྲ་གྱིས་ལྟ་བུ།]
འཐག་ (2)
Part of speech བྱ་ཚིག
Definition རགས་པ་ཕྲ་མོར་བཏང་བའམ་ཞིབ་ཞིབ་བཟོས་པའི་དོན།
Keyword True
Future [བཏག།, ནས་བཏག་ནས་རྩམ་པ་བཟོ།]
Present [འཐག, གྲོ་ནས་འཐག་བྱེད་ཀྱི་འཕྲུལ་ཆས་ཉོས།]
Past [བཏགས།, ནས་བཏགས་ནས་རྩམ་པ་བཟོས།]
Imperative [འཐོགས།, ནས་བརྔོས་ལ་འཐོགས་ཤིག་ལྟ་བུ།]
འཐག་ (3)
Part of speech བྱ་ཚིག
Definition གཤེར་ཁུའི་རིགས་རང་བཞིན་གྱིས་ཟད་ནས་ཉུང་དུ་སོང་བའམ་མེད་པར་གྱུར་པའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [འཐག, མེ་ཤུགས་ཆེ་ན་འོ་མ་འདག་ཉེ་ཆེ།]
Present [འཐག, ཉི་མ་ཚ་ནས་ཆུ་འཐག་བཞིན་འདུག]
Past [ཐག, ཆུ་ཐག་ཤུལ་ན་རྡོ་མང་ལྟ་བུ།]