65127
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་རང་ལ་བསྔོས་པའི་གོས་སྦྱིན་བདག་གིས་འཐག་ཏུ་འཇུག་པ་ལ་དཀྱུས་ཞིང་ཆེར་བསྐྱེད་པའམ་བཟང་དུ་འཇུག་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་རང་ལ་སྦྱིན་བདག་ཁྱིམ་པས་བསྔོས་པའི་གོས་ཀྱི་རྒྱུ་ཐག་པ་ཁྱིམ་པ་ལ་འཐག་ཏུ་བཅུག་པ་སྦྱིན་བདག་གིས་བསྔོས་ཚོད་ལས་ཞེང་དཀྱུས་གང་རིགས་ཆེར་སྐྱེད་བཅུག་པའམ། ཐགས་བཟང་བ་བྱེད་དུ་བཅུག་སྟེ་ལག་ཏུ་ཐོག་པ་ན་སྤང་ལྟུང་དུ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་འཐག་པ་བསྐྱེད་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་དང་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |