65131

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐག་མཁན་ (1)
Part of speech མིང་ཚིག
Definition འཐག་ལས་བྱེད་མཁན་སྟེ། སྐེད་རགས་དང་། ལྷག་སྒྲོག པང་གདན་སོགས་འཐག་ལས་བྱེད་པའི་མི་ལ་ཟེར།
Example སྣམ་བུ་འཐག་མཁན་ཞེས་པ་ལྟ་བུ།
འཐག་མཁན་ (2)
Part of speech མིང་ཚིག
Definition རྩམ་པ་སོགས་ཕྱེ་རིགས་འཐག་མཁན་གྱི་མི།
Example མི་དེ་རྩམ་པ་འཐག་མཁན་རེད་ཅེས་པ་ལྟ་བུ།
འཐག་མཁན་ (3)
Part of speech མིང་ཚིག
Definition སྡོམ་གྱི་མིང་སྟེ། བལ་རྒྱའམ་ཐག་དྲ་འཐག་མཁས་པས་སོ། །
Type མངོན་བརྗོད།