65159

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐབ་བྲལ་བ་རྣམས་ཀྱི་འཆི་བའི་སྔ་ལྟས་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། པདྨ་རྣམས་གང་གི་རྩར་ཉེ་བར་ཕྱིན་པའི་པདྨ་ཁ་བྱེ་བ་དང་བཅས་པ་དེ་དག་རྣམས་ཁ་འཛུམ་པར་འགྱུར་བའོ། །པདྨའི་རྫིང་བུའི་ཡུལ་ཕྱོགས་དེ་དག་རྣམས་སམ། ཤིང་རྣམས་ཀྱི་གསེབ་ཏུ་ཉེ་བར་ཕྱིན་པ་ན་ཡུལ་དེ་བུང་བ་རྣམས་ཀྱི་ཡོངས་སུ་བོར་ནས་ཡུལ་གཞན་དུ་འགྲོ་བར་འགྱུར་བའོ། །གང་དག་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་རྩེ་བ་དེ་དག་གི་རོལ་མོ་དེ་དག་རྣམས་ལ་འདོད་ཆགས་དང་བྲལ་བར་འགྱུར་བའོ། །ལྗོན་ཤིང་གང་ལ་བསྙེན་པའི་ལྗོན་ཤིང་དེའི་མེ་ཏོག་ཐམས་ཅད་རྙིང་པར་འགྱུར་བའོ། །ཤིང་རྟ་གང་གིས་སྐྱེད་མོས་ཚལ་གྱི་ལྟད་མོ་ལ་ནམ་མཁའ་ལ་འགྲོ་བར་བྱེད་པ་ན་ནམ་མཁའ་ལ་འཕགས་པར་མི་ནུས་པའོ། །རྟགས་དེ་དག་རྣམས་ནི་འཐབ་བྲལ་བ་རྣམས་ཀྱི་ཡིན་ནོ། །
Domain ཆོས་ལུགས།