65175
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་སུ་བབས་པའི་འཐབ་བྱེད་གང་ཡིན་པ་དེའི་ཁམས་ཀྱིས་རང་གི་འཐབ་ཡུལ་ཏུ་གྱུར་པའི་ཁམས་ལ་འཐབ་ནས་བཞག་པའི་རྡེའུ་དཀར་ནག་ལ་ཟེར་བ་ཡིན། དེ་ཡང་ཀེག་རྩིས་ཀྱི་འཐབ་རྡེལ་འཇོག་སྟངས་ནི་ཤིང་གིས་ཆུར་འཐབ་པ་ལྟ་བུའི་མར་འཐབ་ལ་རྡེའུ་དཀར་པོ་གསུམ་དང་། ཤིང་གིས་སར་འཐབ་པ་ལྟ་བུའི་གྲོགས་འཐབ་ལ་རྡེའུ་དཀར་པོ་གཉིས། སས་ས་དང་ཆུས་ཆུར་འཐབ་པའི་ནང་འཐབ་ལ་རྡེའུ་དཀར་པོ་གཅིག ཤིང་གིས་མེ་ལ་འཐབ་པ་ལྟ་བུའི་བུར་འཐབ་ལ་རྡེའུ་དཀར་ནག་ཁྲ་མ། ཤིང་གིས་ཤིང་དང་ལྕགས་ཀྱིས་ལྕགས། མེས་ཡིས་མེར་འཐབ་པའི་ནང་འཐབ་ལ་རྡེའུ་ནག་པོ་གཅིག ཤིང་གིས་ལྕགས་ལ་འཐབ་པ་ལྟ་བུའི་དགྲར་འཐབ་ལ་རྡེའུ་ནག་པོ་གཉིས་བཅས་འཇོག་པ་ཡིན། ཚེ་བག་ནད་གཤིན་གྱི་རྩིས་ཀྱི་འཐབ་རྡེལ་འཇོག་སྟངས་ནི་རྐྱང་རྡེལ་ཏེ། འཐབ་ཡུལ་འཐབ་བྱེད་ཀྱི་མའམ་གྲོགས། ས་ཆུ་ནང་ཕྲད་བཅས་ལ་རྡེའུ་དཀར་པོ་རེ་དང་། འཐབ་ཡུལ་འཐབ་བྱེད་ཀྱི་དགྲའམ། ཤིང་ལྕགས་མེ་གསུམ་ནང་ཕྲད་བཅས་ལ་རྡེའུ་ནག་པོ་རེ་འཇོག་པ་ཡིན། |
| Domain | རྩིས་རིག |