From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཐབ་རྩོད་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་གཉིས་མི་མཐུན་པར་གྱུར་ཏེ་གཅིག་གིས་གཞན་ལས་རྒྱལ་ཁ་འཐོབ་ཆེད་བརྩོན་པའི་བྱ་སྤྱོད་ཀྱི་མིང་།
|
| Example
|
མི་རིགས་དཀར་ནག་གི་འཐབ་རྩོད། སྲིད་དབང་འཐབ་རྩོད་ཀྱི་དམག་འཁྲུག་ཅེས་པ་ལྟ་བུ།
|
འཐབ་རྩོད་ (2)
| Part of speech
|
མིང་ཚིག
|
| Definition
|
གཞན་ལ་སྐྱོན་བཙུགས་ཏེ་དགག་པ་རྒྱག་པའི་དོན་ཏེ།
|
| Example
|
ཆབ་སྲིད་ལས་འགུལ་ནང་གཞན་ལ་འཐབ་རྩོད་བྱེད་པ་ཞེས་པ་ལྟ་བུ།
|
འཐབ་རྩོད་ (3)
| Part of speech
|
མིང་ཚིག
|
| Definition
|
འཕྲོག་རྩོད་དང་འཐབ་རེས་ཞེས་པའི་ཚིག་བསྡུས་པ་སྟེ།
|
| Example
|
འཐབ་རྩོད་འཁྲུག་སློང་ཞེས་པ་ལྟ་བུ།
|