65259
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུའི་རྒྱན་གྱི་ནང་གསེས་བཞི་པ་སྟེ། འཐོབ་བྱེད་ཀྱི་རྒྱུ་དེས་ཐབས་ཤེས་ཀྱི་བྱེད་ལས་སྣ་ཚོགས་ལ་བརྟེན་ནས་རང་གི་དམིགས་བྱའི་མཐར་ཐུག་གི་འབྲས་བུ་དེ་འཐོབ་པར་འགྱུར་བ་ཤུགས་ལ་སྟོན་པའི་ཚིག་ལྟ་བུ་ཞིག་ལ་ཟེར། འདི་ལ་འཐོབ་བྱའི་རྒྱུ་ཡང་ཟེར། |
| Example | བོད་མཁས་པས། ཁྱོད་ཉིད་འདོད་ལ་སྲེད་པ་སྐྱུངས་ཤིག་ཅེས། །གྲོགས་དང་རང་གི་བདག་པོའི་བརྟུལ་ཞུགས་མའི། །གམ་དུ་བཀོད་དེར་མཛེས་ལྡན་གཞོན་ནུ་ཞིག། །རབ་ཏུ་འཛུམ་བཅས་ཟུར་མིག་འཕེན་པར་བྱེད། །ཅེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |