65315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདན་མ་ངག་དབང་བསྟན་འཛིན་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་མེ་རྟ་ཕྱི་ལོ་ ༡༦༦༦ ལོར་མདོ་སྨད་ཤིང་རུ་སྡེ་བར་འཁྲུངས། ཆུང་དུས་ནས་རབ་བྱུང་། གསེར་ཁོག་དགོན་ནས་མཚན་ཉིད་ཀྱི་གཞུང་ལ་སྦྱངས། དབུས་སུ་ཀྱི་གྲྭ་ས་ཁག་ནས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། མདོ་སྨད་དུ་ཕྱིར་བྱོན། ཟབ་ལུང་དབེན་པའི་ནགས་ཁྲོད་དུ་སྒོམ་སྒྲུབ་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོན་ལུང་བྱམས་པ་གླིང་དུ་རྒྱུད་པའི་གྲྭ་ཚང་འཛུགས་སྐབས་བླ་མར་བསྐོས། རྒྱུད་ཀྱི་འཆད་ཉན་དང་རི་ཁྲོད་བྱང་ཆུབ་གླིང་དུ་བཀའ་འགྱུར་གྱི་ལུང་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་དགོན་ལུང་བྱམས་པ་གླང་གི་གདན་ཁྲིར་བཞུགས། དུས་ཟིང་གིས་འཆད་ཉན་གནང་རྒྱུ་མ་བྱུང་། བསྟན་འཛིན་ཆིང་ཝང་གིས་དུས་ཟིང་སློང་སྐབས་བཙན་པོ་དགོན་གྱི་སོག་པོའི་གྲྭ་བ་སེ་ཆེན་རབ་འབྱམས་པས་སེར་དམག་ཉུང་ཤས་ཁྲིད་ནས་གོང་མའི་དམག་ལ་འཐབ་འཛིངས་བྱས་པས་གསེར་ཁོག་དགོན་དང་། སེམས་ཉིད་དགོན། ཕོ་རོད་ཀྱི་པྲ་སྟི་དགོན། དགོན་ལུང་བྱམས་པ་གླིང་བཅས་མེ་ལ་བསྲེགས། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་ཉན་ཀང་ཡོའི་དམག་གིས་བཀྲོངས། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ཉེར་དྲུག་པ་ཡིན།