From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདབ་ཆགས་ (1)
| Part of speech
|
མིང་ཚིག
|
| Definition
|
འདབ་ཆགས་ནི་འདབ་གཤོག་ཡོད་པའི་དོན་ཏེ་བྱ་རིགས་སྤྱིའི་མིང་།
|
| Example
|
སྲོད་དུས་འདབ་ཆགས་རྣམས་ཚང་དུ་ལོག་ལྟ་བུ།
|
| Synonyms
|
འདབ་ཆགས། མཁའ་སྐྱོད། མཁའ་འགྲོ། མཁའ་ལ་རྒྱུ། མཁའ་ལ་འཕུར། ནམ་མཁའི་རྟ། སྟེང་འགྲོ། སྟེང་འཕུར། འདབ་སྐྱོད། འཕུར་འགྲོ། འདབ་སྐྱོབ། འདབ་ལྡན། འདབ་གཤོག་ཅན། གཤོག་ལྡན། གཤོག་ཐོགས་ཅན། གཤོག་པ་ཅན། སྒྲོ་ལྡན། འཕུར་ནུས། ནུས་ལྡན། འདབ་མའི་ཤིང་རྟ་ཅན། ནགས་ཁྱིམ། ཤིང་གནས། གནམ་མཆོང་། འཕུར་འདོད། ཉུལ་བྱེད། བྱང་བུ་ཅན། མེ་སྦྱིན་སྐྱེས། མེ་སྦྱིན་བུ། ཚང་སྐྱེས། ཡན་ལག་དྲུག་པ། ལུས་མགྱོགས། སྲིན་བུ་ཟ།
|
འདབ་ཆགས་ (2)
| Part of speech
|
མིང་ཚིག
|
| Definition
|
ལྗོན་ཤིང་སྟེ། ལོ་འདབ་མང་དུ་སྐྱེས་པས་སོ། །
|
| Type
|
མངོན་བརྗོད།
|