65409

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདའ་ (1)
Part of speech བྱ་ཚིག
Definition དུས་ཡོལ་བ་དང་ཚད་ལས་བརྒལ་བའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [འདའ།, དོན་མེད་གཏམ་ཀྱལ་གྱིས་དུས་འདའ་མི་རུང་།]
Present [འདའ།, གཏམ་ཀྱལ་གྱིས་དུས་འདའ་བཞིན་པའི་ཉི་མ་འགའ།]
Past [འདས།, ཉོག་གཏམ་གྱིས་དུས་འདས་ནས་དོན་ཆེན་ཤོར་ལྟ་བུ།]
འདའ་ (2)
Part of speech བྱ་ཚིག
Definition ཁས་བླངས་དང་བཀའ་རྒྱ་སོགས་ཀྱི་བཅས་མཚམས་དང་འགལ་བའི་དོན།
Future [འདའ།, ཁས་བླངས་པའི་སྡོམ་པ་ལས་འདའ་མི་རུང་།]
Present [འདའ།, སྡོམ་དང་དམ་ཚིག་ལས་འདའ་བྱེད་གཙོ་བོ་བག་མེད་ཡིན།]
Past [འདས།, དམ་སྡོམ་ལས་འདས་ནས་སྡུག་བསྔལ་མྱངས་ལྟ་བུ།]
འདའ་ (3)
Part of speech བྱ་ཚིག
Definition ཁྱད་དུ་འཕགས་པའི་དོན།
Future [འདའ།, སློབ་སྦྱོང་གི་སྐབས་གཞན་ལས་འདའ་བའི་ནུས་པ་འདོན་སེམས་ཡོད་དགོས།]
Present [འདའ།, གཞན་ལས་འདའ་བྱེད་ཀྱི་ནུས་པ།]
Past [འདས།, སྨན་འདིའི་ནུས་པ་གཞན་ལས་འདས་པ་ཞིག་ཡིན་ལྟ་བུ།]
འདའ་ (4)
Part of speech བྱ་ཚིག
Definition ཚེ་རྫོགས་པ་སྟེ་འཆི་བའི་དོན།
Type ཞེ་ས།
Antonyms འཁྲུངས།
Future [འདའ།, སྐུ་འདའ་ལ་ཉེ་བའི་བགྲེས་སོང་།]
Present [འདའ།, སྐུ་འདའ་བཞིན་པའི་སྐབས་སུ་ཞལ་ཆེམས་གནང་།]
Past [འདས།, ཁོང་འདས་ཟིན་པའི་མཇལ་ཐབས་བྲལ་ལྟ་བུ།]