65414
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གསུམ་པ་ནི་འོ་ན་འདའ་བྱེད་ཀྱི་མཐོང་ལམ་དང་འདའ་བྱའི་མཐོང་ལམ་གཉིས་སྐྱེ་ཚུལ་གྱི་རིམ་པ་ཇི་ལྟར་ཡིན་ཞེ་ན། ཐོག་མར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འདའ་བྱེད་ཀྱི་མཐོང་ལམ་དང། དེ་རྗེས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་འདའ་བྱའི་མཐོང་ལམ་སྐྱེ་བ་ཡིན་ཏེ། དང་པོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་དང། དེ་རྗེས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་སྐྱེ་བའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |