65436
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དྲུག་པའི་མཇུག་དུ་འཁྲུངས། ཆུང་དུས་ནས་དགེ་ལྡན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་བཞེས། གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་མཁས་པར་སྦྱངས། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ་དང་། ཚངས་པ་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན། ཕན་བྱེད་ཀྱི་མན་ངག་ལག་ལེན་ཐོར་བུ་གཉིས། མིག་འབྱེད་མཐོང་བ་དོན་ལྡན། སྨན་བཅོས་དང་ཕན་བྱེད་ཀྱི་ཙཀྲ་རིགས་མི་གཅིག་པ་བདུན་ཅུ་དོན་གཉིས། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་འགྲེལ་བ་གསལ་ལྡན། བརྡ་སྤྲོད་པ་པཱ་ཎི་པའི་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་རེག་ཟིག་ཏུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་གླེགས་བམ་གཉིས་བཅས་བཞུགས། |