65455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདས་པ་སྔོན་བྱུང་བའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་ཉི་ཤུ་རྩ་གཅིག་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་དྲུག་པ་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་ལས་འཁོར་དང་སྤྱོད་ཡུལ་ལོག་པར་བསྒྱུར་བས་སྔགས་འབྱུང་བའི་རྒྱུར་འགྱུར་ཚུལ་དང་། གདུལ་བྱའི་གོལ་གཞི་གང་ལས་བྱུང་བ་དང༌། ལས་ཅི་སྤྱད་པ་དང༌། སྐྱེ་བ་ཇི་ལྟར་བླངས་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ།