65458
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲ་ལ་ཐ་སྙད་ཀྱི་དབང་དུ་བྱས་ན། འཇུག་ཡུལ་གསུམ་ཡོད་པའི་ནང་གི་དང་པོ་སྟེ། དོན་དེ་འདས་པ་ཡིན་མིན་ལ་མ་ལྟོས་པར་མིང་གི་ཐ་སྙད་ཙམ་འདས་པ་ལ་མིང་དེ་སླར་འདྲེན་མི་དགོས་པར། དེ་ཞེས་བརྗོད་པས་གོ་བ་དང་། དེ་ལ་ཐ་སྙད་འདས་པའང་ཟེར། |
| Example | བཀྲ་ཤིས་ནི་སློབ་མའོ། །དེ་སློབ་སྦྱོང་ལ་ཧ་ཅང་བཟང་། དེ་དགེ་རྒན་ལ་བརྩི་བཀུར་ཤིན་ཏུ་ཆེ། དེ་སློབ་གྲོགས་ལ་མཐུན་ལམ་ཧ་ཅང་ཟབ་ལྟ་བུ། |
| Domain | སྒྲ་རིག་པ། |