65462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདས་པའི་ཐོབ་པ་འདས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་པ་མུ་དགུའི་ནང་གསེས་ཤིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། འདས་པའི་ཐོབ་པ་དུས་གསུམ་འཇོག་ཚུལ་བཤད་ན། བསམ་གཏན་གྱི་སྡོམ་པ་སྐད་ཅིག་དང་པོ་འདས་པ་དེའི་ཐོབ་པ་འདས་པ་ནི། ཐོབ་བྱའི་ཆོས་དེ་དང་དུས་མཉམ་དུ་འདས་པ་དང༌། དེའི་སྔ་རོལ་ཏུ་འདས་པའི་ཆོས་དེའི་ཐོབ་པ་རྣམས་འཇོག་གོ །དེའི་ཐོབ་པ་ད་ལྟར་བ་ནི། སྐད་ཅིག་དང་པོ་དེ་འགགས་མ་ཐག་ཏུ་དེའི་ཐོབ་པ་བྱུང་བ་དེ་ཡིན་ནོ། །དེའི་ཐོབ་པ་མ་འོངས་པ་ནི་སྐད་ཅིག་དང་པོ་དེ་འགགས་པའི་སྐད་ཅིག་གཉིས་པ་ཕན་ཆད་དེ་དང་ལྡན་པར་བྱེད་པའི་ཐོབ་པ་རྣམས་སོ། །ཞེས་དང། འགྲེལ་པ་མངོན་པའི་རྒྱན་དུ། ཐོབ་བྱའི་ཆོས་འདས་པ་དང༌། ད་ལྟར་བ་གཉིས་ཀྱི་ཐོབ་པ་འདས་པ་འཇོག་པའི་ཚེ། དེའི་སྔ་རོལ་ཏུ་དེའི་ཐོབ་པ་བྱུང་བ་རྣམས་ཡིན་ནོ་ཞེས་གསུངས་པའི་དོན་ཡང་གོང་དུ་བཤད་པ་ལྟར། ཆོས་དེའི་སྔ་རོལ་ཏུ་འདས་པའི་ཐོབ་པ་དེ་ཆོས་དེའི་ཐོབ་པ་འདས་པར་འཇོག་པའི་དོན་ཡིན་པ་ལས། ཆོས་དེ་མ་གྲུབ་པའི་སྔ་རོལ་ཏུ་དེའི་ཐོབ་པ་གྲུབ་པའི་དོན་ནི་མ་ཡིན་ཏེ། ཅིའི་ཕྱིར་ན། ཆོས་མ་འོངས་པ་ལ་ཡང་ཆོས་དེ་མ་སྐྱེས་གོང་དུ་དེའི་ཐོབ་པ་སྐྱེས་པ་ཡོད་མོད་ཀྱང༌། མ་འོངས་པ་མ་གྲུབ་གོང་དུ་དེའི་ཐོབ་པ་གྲུབ་པ་ནི་འཇོག་མི་རིགས་ཤིང༌། འདས་པ་དང་ད་ལྟར་བ་གཉིས་ལ་ནི་ཤིན་ཏུ་འཇོག་མི་རིགས་ཏེ། ཆོས་དེའི་ད་ལྟར་བ་ཐོབ་པ་ལ་ད་ལྟར་བ་མངོན་དུ་གྱུར་དགོས་པའི་ཕྱིར་དང༌། ཆོས་དེའི་འདས་པ་ཐོབ་པ་ལ་ཆོས་དེ་འདས་པའི་ངོ་བོར་སོང་དགོས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།