65465
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགྲ་བཅོམ་པ་ལྟར་འདས་པའི་དུས་ཀྱི་དངོས་པོ་ཅི་ལ་བརྟགས་པ་སྣ་གཅིག་མཁྱེན་གྱི་གཞན་ལ་ཐོགས་ཤིང་མི་མཁྱེན་པ་ལྟ་བུ་མ་ཡིན་གྱི། འདས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་དང། ས་ཆུ་མེ་རླུང་གི་རྡུལ་ཕྲ་མོའི་གྲངས་དང། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་སོགས་པ་མ་ལུས་པ་མཉམ་པར་གཞག་པ་དང། མ་བཞག་པའི་དུས་དང་སྦྱར་བ་མེད་ཅིང་ཅི་ལ་ཡང་ཐགས་ཐོགས་མེད་པ་ཐུགས་སུ་ཆུད་པས་ན། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ཞེས་བྱའོ། །མ་འོངས་པ་དང་ད་ལྟར་གྱི་དུས་ཀྱི་སྐབས་སུ་ཡང་འདི་བཞིན་དུ་སྦྱར་ཞིང་བཤད། |
| Domain | ཆོས་ལུགས། |