6548

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིས་ལྡན་དུས་ (1)
Part of speech མིང་ཚིག
Definition དུས་བཞི་ཆེན་པོ་ལས་དུས་གཉིས་པ་སྟེ། ཡུན་ཚད་ལ་མི་ལོ་ས་ཡ་གཉིས་དང་ལྔ་འབུམ་དགུ་ཁྲི་ཉིས་སྟོང་ཡོད་ལ། ཉིན་བྱེད་སྣང་བ་ལས། དཔལ་ལྡན་རྒྱུད་ལས་གཟའ་ཐམས་ཅད། །མི་ལོ་ས་ཡ་ཕྲག་བཞི་དང་། །སུམ་འབུམ་ཉི་ཁྲིའི་ཚོགས་ལ་ལྔས། །ཐོབ་པ་གནས་བཞིར་བཀོད་པ་ཡི། །སྟེང་ནས་ཆུ་དང་མེ་དང་མིག ། གཟུགས་ཀྱིས་བསྒྱུར་བས་རིམ་པ་བཞིན། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་། །རྩོད་དུས་ཚད་ཡིན་བསྡོམས་པའི་མཐར། །དག་པའི་སྟོང་རྩིས་གསུངས་པ་ནི། །དགོས་པའི་དབང་གིས་མ་དག་པ། །བྱེད་པ་བརྗོད་པའི་རྩིས་སུ་སྣང་། །ཞེས་གསུངས།
Domain རྩིས་རིག
གཉིས་ལྡན་དུས་ (2)
Part of speech མིང་ཚིག
Definition དུས་བཞི་སྔ་མའི་ནང་ཚན་གཉིས་པ་སྟེ། དེ་ལ་ཡུན་ཚད་མི་ལོ་བརྒྱད་བརྒྱ་དང་ཉེར་དྲུག་ཡོད། །རིགས་ལྡན་སྙིང་ཐིག་ལས། རིམ་བཞིན་རྫོགས་ལྡན་གསུམ་ལྡན་དང་། གཉིས་ལྡན་རྩོད་ལྡན་ཞེས་སུ་གྲགས། །ཞེས་བྱུང་། དེས་ན་ཕུག་ལུགས་ལ་ཕྱི་ལོ་སྔོན་གྱི་ལོ་༥༤་པ་ནས་ཕྱི་ལོ་༧༧༢་པའི་བར་དུ་བྱུང་བའི་བསྟན་པའི་ཡུན་ཚད་དེའོ། །
གཉིས་ལྡན་དུས་ (3)
Part of speech མིང་ཚིག
Definition དུས་བཞི་ཕྱི་མའི་ནང་ཚན་གཉིས་པ་སྟེ། དེ་ལ་ཡུན་ཚད་མི་ལོ་བཞི་བརྒྱ་ལྔ་བཅུ་ཡོད། རིགས་ལྡན་སྙིང་ཐིག་ལས། སྔར་བཞིན་རྫོགས་ལྡན་གསུམ་ལྡན་དང་། །གཉིས་ལྡན་རྩོད་ལྡན་ཞེས་སུ་གྲགས། །ཞེས་བྱུང། དེས་ན་ཕུག་ལུགས་ལ་མ་འོངས་ཕྱི་ལོ་༢༨༧༤་པ་ནས་ཕྱི་ལོ་༣༣༢༤་པའི་བར་དུ་འབྱུང་བའི་རིགས་ལྡན་བསྟན་པའི་ཡུན་ཚད་དེའོ། །
གཉིས་ལྡན་དུས་ (4)
Part of speech མིང་ཚིག
Definition དུས་བཞི་ཆེན་པོའི་ནང་ཚན་ཞིག་སྟེ། དུས་བཞི་ཆེན་པོའི་རྐང་པ་གསུམ་དང་ལྡན་པའི་ཡུན་ཚད་དེ། མི་ལོ་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ཡོད། བཀའ་བསྡུ་བཞི་པའི་བསྟན་རྩིས་ལས། རྐང་པ་ཞེས་གསུངས་རྐང་པ་གཅིག་དང་གཉིས། གསུམ་དང་བཞི་ལ་རིམ་བཞིན་རྩོད་ལྡན་དང་། །ཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཞེས་གསུངས་སོ། །ཞེས་བྱུང་། །
གཉིས་ལྡན་དུས་ (5)
Part of speech མིང་ཚིག
Definition དུས་བཞི་ཆུང་བའི་ནང་ཚན་ཞིག་སྟེ། རྒྱལ་བའི་བསྟན་པ་རྣམ་པར་དག་པའི་ལྟ་གྲུབ་ལ་གང་ཟག་གི་བློ་སྐྱོན་གྱིས་བསླད་པའི་སྐབས་དང་ཆོས་ལ་ཟེར། །ཡུན་ཚད་ལ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་ཡོད། བཀའ་བསྡུ་བཞི་པའི་བསྟན་རྩིས་ལས། དེ་ནས་བཞི་ཆ་ཉམས་པ་གསུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་གསུམ་ལྡན་སྨད་དུ་འགྱུར། །ཞེས་བྱུང་།
གཉིས་ལྡན་དུས་ (6)
Part of speech མིང་ཚིག
Definition ཆོས་འབྱུང་རྣམས་སུ་བཤད་པ་ལྟར་ན། སྐལ་བཟང་རྣམ་འདྲེན་གསུམ་པ་འོད་སྲུང་བྱོན་པའི་སྐབས་འཛམ་གླིང་མི་རྣམས་ཀྱིས་ཆོས་དང༌། ནོར། འདོད་པ། བདེ་བ་བཞི་ལས་ཆ་གཉིས་ཉམས་ནས་ཆ་གཉིས་ལ་ལོངས་སུ་སྤྱོད་པའི་དུས་ཏེ། དེའི་ཡུན་ཚད་ལ་ལོ་གྲངས་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ཡོད་པར་བཤད།