65490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདི་དང་གཞན་དུ་བདེ་བར་འགྱུར་བའི་དོན་སྤྱོད་པ་རྣམ་པ་དགུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ སེམས་ཅན་གཞན་དག་གི་ལུས་ཀྱི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། སྲོག་གཅོད་པའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༢ མ་བྱིན་པར་ལེན་པའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༣ འདོད་པ་ལ་ལོག་པར་གཡེམ་པའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༤ འབྲུའི་ཆང་དང༌། བཙོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༥ ངག་གི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། བརྫུན་དུ་སྨྲ་བའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༦ ཕྲ་མའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༧ ཚིག་རྩུབ་པའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༨ ཚིག་ཀྱལ་པའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པ། ༩ ཡིད་ཀྱི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའི་རྣམ་པ་ཐམས་ཅད་སྤང་བར་འཛིན་དུ་འཇུག་པའོ། །
Domain ཆོས་ལུགས།