65493
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་འདུལ་བའི་བསམ་གཏན། ༢ ཀུན་རྫོབ་པའི་ཆོ་འཕྲུལ་གྱིས་སེམས་རྣམས་འདུལ་བའི་བསམ་གཏན། ༣ རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་འདུལ་བའི་བསམ་གཏན། ༤ སྡིག་པ་བྱེད་པ་རྣམས་ལ་ངན་སོང་གི་རྣམ་པར་སྟོན་པའི་བསམ་གཏན། ༥ སེམས་ཅན་སྤོབས་པ་མེད་པར་གྱུར་པ་རྣམས་ལ་སྤོབས་པ་ཉེ་བར་སྒྲུབ་པའི་བསམ་གཏན། ༦ སེམས་ཅན་བརྗེད་ངས་པ་རྣམས་ལ་དྲན་པ་ཉེ་བར་སྒྲུབ་པའི་བསམ་གཏན། ༧ དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་དང༌། སྙན་དངགས་དང༌། མ་མོ་སྦྱར་བའི་རྣམ་པར་གཞག་པའི་བསམ་གཏན། ༨ འཇིག་རྟེན་པ་རྣམས་ཀྱི་བཟོ་དང་ལས་ཀྱི་གནས་དོན་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་པ་དང༌། ཡི་གེ་དང་རྩིས་དང་ཤོད་དགོད་པ་དང་གྲངས་དང་ལག་རྩིས་ལ་སོགས་པ་དང༌། ཁྲི་དང་ཁྲིའུ་དང༌། གདུགས་དང༌། ལྷམ་ལ་སོགས་པ་དང༌། སྣོད་སྤྱད་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར་བྱེད་པའི་བསམ་གཏན། ༩ སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་དེའི་མོད་ལ་བསལ་བའི་ཕྱིར་འོད་ཟེར་འགྱེད་པའི་བསམ་གཏན་ནོ། ། |
| Domain | ཆོས་ལུགས། |