6551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིས་སྐྱེས་ (1)
Part of speech མིང་ཚིག
Definition སོ་ཡི་མིང་སྟེ། ཐེངས་གཉིས་ལ་སྐྱེས་པས་ནའོ། །
Type མངོན་བརྗོད།
གཉིས་སྐྱེས་ (2)
Part of speech མིང་ཚིག
Definition འདབ་ཆགས་བྱ་སྟེ། བྱ་ལས་སྒོ་ང་སྐྱེས། སྒོ་ང་ལས་བྱ་སྐྱེས་ནས་རིམ་པ་གཉིས་བརྒྱུད་ནས་སྐྱེས་པས་ནའོ། །
གཉིས་སྐྱེས་ (3)
Part of speech མིང་ཚིག
Definition བྲམ་ཟེ་སྟེ། མེས་པོ་ཚངས་པ་རྒྱ་མཚོའི་གསེར་གྱི་སྒོང་བ་ལས་བྱུང་བ་དང་། དེའི་རྒྱུད་པ་མངལ་ལས་སྐྱེས་ཏེ་གཉིས་བརྒྱུད་པས་ནའོ། །