65523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདིར་བསྟན་ཆོས་གསུམ་ (1)
Part of speech མིང་ཚིག
Definition དབུ་མ། ཐལ་འགྱུར་པ། བྱང་སེམས་དབང་རྣོན་ལས་དང་པོ་བའི་རྒྱུར་གྱུར་པའི་ཆོས་གསུམ་ནི། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་ལུགས་ལ། འཇུག་པའི་ཆེད་དུ་བྱ་བའི་གདུལ་བྱ་ལ་སོགས་པའི་བྱང་སེམས་ལས་དང་པོ་བ་དབང་རྣོན་རྣམས་ཆོས་གསུམ་ལས་འཁྲུངས་ཚུལ་ཡོད་དེ། ཐེག་ཆེན་གྱི་སློབ་ལམ་གྱི་སྔོན་ནས་དང་པོ་གཉིས་མཚན་ཉིད་པ་རྒྱུད་ལ་བསྐྱེད་པས། ཕྱི་མ་ཚུལ་བཞིན་སྦྱངས་པས་ནམ་མྱོང་བ་མཚན་ཉིད་པ་སྐྱེས་པ་ན་བྱང་སེམས་ལས་དང་པོ་བར་གྱུར་པའི་ཕྱིར། ཆོས་གསུམ་པོ་དེའི་མཚན་གཞི་ཡོད་དེ། ཐེག་ཆེན་གྱི་རིགས་ཅན་ལམ་མ་ཞུགས་ཀྱི་རྒྱུད་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་ཆེན་པོ་དང་པོ། སྟོང་ཉིད་ཕྲ་མོ་རྟོགས་པའི་ཤེས་རབ་གཉིས་པ་དང༌། སྦྱོང་ཚུལ་གྱི་མཚན་ཉིད་ཚང་བའི་མྱོང་བ་མཚན་ཉིད་པ་མ་སྐྱེས་གོང་གི་བུར་ཤུན་གྱི་རོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྗེས་མཐུན་པ་དེ་གསུམ་པ་ཡིན་པའི་ཕྱིར། ཞེས་དང་། ཐེག་ཆེན་གྱི་རིགས་ཅན་དབང་རྣོན་གྱིས་ཐར་པ་དོན་གཉེར་གྱི་བློ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་རྒྱུད་ལ་བསྐྱེད་པ་ལ་སྟོང་ཉིད་རྟོགས་པ་སྔོན་དུ་འགྲོ་དགོས་ཀྱང་འདིར་གོ་རིམ་འདི་ལྟར་བཤད་པ་བྱང་སེམས་ལས་དང་པོ་བར་འགྱུར་བ་ལ་གསུམ་པོ་དེ་ཚར་གཅིག་ལྟ་བུས་རང་མི་ཆོག་པས་རང་འབྲས་ཕྱི་མ་རེ་བསྐྱེད་པ་ལ་དགོངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།