65524
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། དངོས་པོ་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་ཀུན་བཏགས་དེ། འདིར་བསྟན་བསལ་བྱ་ལོག་རྟོག་ཡིན་ཞིང༌། རྣམ་མཁྱེན་གྱི་དམིགས་པ་འཐད་ན་དངོས་པོ་བདེན་གྲུབ་ཡིན་དགོས་པར་འཛིན་པའི་རྟོག་པ་དང་དངོས་པོ་བདེན་པར་མེད་ན་རྣམ་མཁྱེན་གྱི་དམིགས་པ་མེད་དགོས་པར་འཛིན་པའི་རྟོག་པ་གཉིས་རེ་རེ་ནས་འདིར་བསྟན་བསལ་བྱ་ལོག་རྟོག་ཡིན་ཏེ། དངོས་པོ་བདེན་པར་གྲུབ་པར་ཐལ། རྣམ་མཁྱེན་གྱི་དམིགས་པ་འཐད་པའི་ཕྱིར་ཞེས་པའི་སུན་འབྱིན་ལྟར་སྣང་དང༌། དངོས་པོ་བདེན་པར་མེད་པར་ཐལ། རྣམ་མཁྱེན་གྱི་དམིགས་པ་འཐད་པའི་ཕྱིར། ཞེས་པའི་སུན་འབྱིན་ལྟར་སྣང་གཉིས་རེ་རེ་ནས་འདིར་བསྟན་བསལ་བྱ་ཀླན་ཀ་ཡིན་པའི་ཕྱིར། འདིར་བསྟན་བསལ་བྱ་ལོག་རྟོག་དེ་ལ། འདིར་བསྟན་བསལ་བྱ་ཀླན་ཀ་བཅུ་དྲུག་པོ་རེ་རེའི་ཀུན་ནས་བསླངས་པའི་བཅུ་དྲུག་ཏུ་ཡོད། འདིར་བསྟན་བསལ་བྱ་ལོག་རྟོག་ཡིན་ན། ཤེས་སྒྲིབ་ཀུན་བཏགས་ཡིན་པའི་ཁྱབ་སྟེ། འདིར་བསྟན་སུན་འབྱིན་ལྟར་སྣང་སྨྲ་བ་པོའི་གང་ཟག་ཡིན་ན་གྲུབ་མཐས་བློ་ཁ་བསྒྱུར་བ་གཅིག་དགོས་པའི་ཕྱིར། |
| Domain | ཆོས་ལུགས། |