65526

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདིར་བསྟན་ཞི་མཐའ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལྷག་མེད་མྱང་འདས་དེ་འདིར་བསྟན་ཞི་མཐའ་དང། འདིར་བསྟན་ཀུན་རྫོབ་ལ་བལྟོས་པའི་ཞི་མཐའ་དང། འདིར་བསྟན་ཆད་མཐའ་གསུམ་ཀ་ཡིན་ཏེ། དེ་རྣམས་དོན་གཅིག་པའི་ཕྱིར། དེ་འདིར་བསྟན་ཆད་མཐའ་ཡིན་ཞིང། དེ་ཆད་མཐའ་དངོས་མིན་ཏེ། དེ་ཡོད་པའི་ཕྱིར། དེ་ལ་ཆད་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་གི་རྟེན་གྱི་གང་ཟག་ལས་ཉོན་གྱིས་འཁོར་བར་སྐྱེ་བ་ལེན་པའི་རྒྱུན་ཆད་པར་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པ་རྒྱུན་ཆད་པའི་མྱང་འདས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར།
Domain ཆོས་ལུགས།