65527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདིར་བསྟན་ཡང་དག་མཐའ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་དེ། །སྐབས་འདིར་བསྟན་པའི་ཡང་དག་པའི་མཐའ་ཡིན་ལ། དེ་ལ་རང་གི་བསམ་ངོ་ནས་སླར་མི་ལྡང་པའི་ཚུལ་གྱིས་མཉམ་པར་གཞག་པ་ནི། དམན་ལམ་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན་ཏེ། ཐེག་དམན་དུ་རིགས་ངེས་ཀྱི་གང་ཟག་རྣམས་ཞི་བདེ་དེ་ཉིད་ཀྱིས་ཐུགས་འཕྲོགས་པའི་དེ་ཉིད་ཐོབ་པའི་སྒོ་ནས་དེ་ཉིད་ཐོབ་པའི་ཚེ་དེ་ལ་རང་གི་བསམ་ངོ་ནས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་གཞག་དགོས་པའི་ཕྱིར། དེ་ལྟར་བཞག་པའི་རྒྱུ་མཚན་གྱིས། ཚུར་རོལ་ཕ་རོལ་མཐལ་ལ་མིན། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཞི་མཐའ་ལ་གནས་པའི་ཕྱིར་རོ། །རྫོགས་སྨིན་སྦྱངས་གསུམ་བྱས་པའི་རྗེས་སུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་མངོན་དུ་བྱས་པ་ནི་རྫོགས་སྨིན་སྦྱངས་གསུམ་བྱས་པའི་རྗེས་སུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན་ཞིང༌། རྫོགས་སྨིན་སྦྱངས་གསུམ་བྱས་པའི་རྗེས་སུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་དང༌། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་འདིར་བསྟན་ཡང་དག་མཐའ་སྔོན་དུ་བྱས་པ་དང༌། དམན་ལམ་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་རྣམས་མི་འགལ་ཏེ། ལྷག་མེད་མྱང་འདས་ཐོབ་ཟིན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ཐམས་ཅད་ཀྱི་གཞི་མཐུན་ཁོ་ན་ཡིན་པའི་ཕྱིར་ཏེ། དེས་དམན་ལམ་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་དབྱིངས་ལ་རང་གི་བསམ་ངོ་ནས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་གཞག་པའི་ཕྱིར་ཏེ། དེས་དམན་པའི་ལམ་དུ་ལྷག་མེད་ཀྱི་མྱང་འདས་ལ་གནས་པའི་ཕྱིར། དེ་དག་གི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ། །
Domain ཆོས་ལུགས།

{{#arraymap:འདིར་བསྟན་ཡང་དག་མཐའ་

|; |@@@ | | }}

འདིར་བསྟན་ཡང་དག་མཐའ་ (2)
Part of speech མིང་ཚིག
Definition འདིར་བསྟན་ཡང་དག་མཐའ་དེ་ལ་དུ་མར་ཡོད་དེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་ལྟ་བུ། གཟུང་བ་ཕྱི་རོལ་དོན་འཛིན་གྱི་སྒྲིབ་པ་ཉེ་བར་ཞི་བའི་ཉེར་ཞི་ལྟ་བུ། ཤེས་སྒྲིབ་ཉེ་བར་ཞི་བའི་ཉེར་ཞི་ལྟ་བུ། དེ་ཡང་ཕྱི་མ་འདིར་བསྟན་ཡང་དག་ཡིན་ཡང་འདིར་བསྟན་གདམས་ཡུལ་དུ་གྱུར་པའི་ཡང་དག་མཐའ་མ་ཡིན། བར་པ་དེ་འདིར་བསྟན་གདམས་ཡུལ་དུ་གྱུར་པའི་དེ་ཡིན་ཀྱང། འདིར་བསྟན་གདམས་ཡུལ་གྱི་གཙོ་བོར་གྱུར་པའི་དེ་མ་ཡིན། དང་པོ་འདིར་བསྟན་གདམས་ཡུལ་གྱི་གཙོ་བོར་གྱུར་པའི་ཡང་དག་མཐའ་ཡིན་ནོ། །འདིར་བསྟན་གདམས་ཡུལ་གྱི་གཙོ་བོར་གྱུར་པའི་ཡང་དག་མཐའ་མངོན་དུ་བྱས་ཚད། སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར། སྐབས་འདིའི་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་བཞག་ཏུ་ཡོད་དེ། དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་སྤྱིར་བསྟན་ནས། དེ་དག་གི་ཡང་དག་པའི་མཐའ་མངོན་དུ་མི་བྱའོ། །ཞེས་དམིགས་ཀྱི་བསལ་ཏེ་གསུངས་པའི་ཕྱིར་རོ། །

{{#arraymap:འདིར་བསྟན་ཡང་དག་མཐའ་

|; |@@@ | | }}

འདིར་བསྟན་ཡང་དག་མཐའ་ (2)
Part of speech མིང་ཚིག
Definition སྡུག་ཀུན་སྤངས་པའི་སྤངས་པར་གྱུར་པའི་གང་ཟག་གི་བདག་མེད་ཕྲ་མོ་དེ། འདིར་བསྟན་ཡང་དག་མཐའ་ཡིན་ཏེ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཉན་ཐོས་དེས་དེ་འདྲའི་གང་ཟག་གི་བདག་མེད་མངོན་དུ་བྱས་པ་དང། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་དུས་མཉམ་པའི་ཕྱིར། སྡུག་ཀུན་སྤངས་པའི་སྤངས་པར་གྱུར་པའི་གཟུགས་འཛིན་རྫས་གཞན་གྱི་སྟོང་པ་དེ། འདིར་བསྟན་ཡང་དག་མཐའ་ཡིན་ཏེ། དེ་མངོན་དུ་བྱས་པའི་རང་རྒྱལ་དེས་དེ་འདྲའི་སྟོང་ཉིད་ལ་རང་གི་བསམ་ངོས་ནས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དང། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་དུས་མཉམ་པའི་ཕྱིར། ཐེག་ཆེན་གྱི་གནས་སྐབས་སུ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་དང། ཆོས་སྐུ་མངོན་དུ་བྱས་པ་དུས་མཉམ་པའི་ཕྱིར། སྡུག་ཀུན་སྤངས་པའི་སྤངས་པར་གྱུར་པའི་ཆོས་ཀྱི་བདག་མེད་ཕྲ་མོ་དེ། འདིར་བསྟན་ཡང་དག་མཐའ་མ་ཡིན་ཏེ། དེ་ལྟར་ན་བྱང་འཕགས་རྣམས་ལ་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་འདིར་བསྟན་ཡང་དག་མཐའ་མངོན་དུ་མ་བྱེད་ཅིག་ཅེས་གདམས་མི་རིགས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དེ་འདྲའི་ཆོས་ཀྱི་བདག་མེད་ཕྲ་མོ་མངོན་དུ་བྱེད་པ་མེད་པའི་ཕྱིར་རོ། །གདམས་ཡུལ་གྱི་རྒོལ་བ། དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ལ་དངོས་སུ་གདམས་ཤིང། དེ་མངོན་དུ་བྱས་པའི་ཐེག་དམན་གྱི་རྟོགས་པ་སྔོན་དུ་སོང་བའི་གང་ཟག་རྣམས་ལ་དེང་ཕྱིན་ཆད་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར། འདིར་བསྟན་ཡང་དག་མཐའ་མངོན་དུ་མ་བྱེད་ཅིག་ཅེས་ཤུགས་ལ་གདམས་པ་ཡིན། གཙོ་བོར་ནི་བྱང་སེམས་ས་བརྒྱད་པ་བ་ལ་གདམས་པ་ཡིན་ཏེ། ས་བརྒྱད་པར་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱེད་དམ་སྙམ་པའི་དོགས་པ་ཤས་ཆེ་བ་ཡིན་པའི་ཕྱིར་ཏེ། ས་བརྒྱད་པར་འབད་རྩོལ་རགས་པ་ཞི་ནས་ཆོས་ཉིད་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་ཐོབ་པ་ཡིན་པའི་ཕྱིར། དེ་ལ་མཉམ་པར་གཞག་ཡུལ། དེས་ན་ཐེག་དམན་གྱི་གང་ཟག་གིས་རང་གི་མཉམ་པར་བཞག་ཡུལ་དུ་གྱུར་པའི་ཉེར་ཞི་ལ་བསྐལ་པའི་བར་དུ་མཉམ་པར་འཇོག་པ་ཡིན་ཅིང། ཐེག་ཆེན་གྱི་གནས་སྐབས་སུ་ཆོས་ཉིད་ལ་བར་མ་ཆད་དུ་ཞག་བདུན་ལས་ལྷག་པ་མཉམ་པར་འཇོག་པ་མེད་དེ། དེ་ལྟ་ན་གཞན་དོན་ལས་ཉམས་པར་འགྱུར་པའི་སྐྱོན་ཡོད་པའི་ཕྱིར། ཉན་རང་གི་སྤངས་རྟོགས་ཀྱི་རིགས་གང་ནས་རྫོགས་པའི་མཚམས། རང་རྒྱལ་དགྲ་བཅོམ་གྱིི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པ་དེ། ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པའི་གང་ཟག་ཡིན། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་འཕགས་དེས་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པ་དང། ཆོས་སྐུ་མངོན་དུ་ཐོབ་པ་དུས་མཉམ་པ་ཡིན་ཏེ། དེས་ཉོན་སྒྲིབ་སྤོང་བ་དང། ཤེས་སྒྲིབ་སྤོང་བ་དུས་མཉམ་པ་ཡིན་པའི་ཕྱིར་ཏེ། དེས་དེ་གཉིས་ཅིག་ཅར་དུ་སྤོང་བའི་ཕྱིར། རྫོགས་སྨིན་སྦྱངས་གསུམ་བྱས་པའི་ཡ་མཐའི་ས་མཚམས། རྒྱུན་མཐའི་ཡེ་ཤེས་ན་ཡོད།

{{#arraymap:འདིར་བསྟན་ཡང་དག་མཐའ་

|; |@@@ | | }}