65528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདིར་བསྟན་རྟོག་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་གི་དམིགས་པར་གྱུར་པའི་གཞི་གྲུབ་ཀྱི་ཆོས་ལ་དམིགས་ནས་བདེན་པར་འཛིན་པའི་ཞེན་རིག ཤེས་སྒྲིབ་ཏུ་གྱུར་པའི་རྟོག་པའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། ཤེས་སྒྲིབ་གཟུང་རྟོག་དང༌། དེ་འཛིན་རྟོག་གཉིས་སུ་ཡོད། སྒྲུབ་རྟོག་དང་དགག་རྟོག་གང་ཡིན་དཔྱད་པ། སྐབས་འདིར་བསྟན་པའི་ཤེས་སྒྲིབ་ཏུ་གྱུར་པའི་རྟོག་པ་དེ་ལ། དགག་རྟོག་དང༌། སྒྲུབ་རྟོག་གཉིས་ཀ་ཡོད་དོ། །གཟུགས་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་སྒྲུབ་རྟོག་དང༌། བདག་མེད་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་དགག་རྟོག་ཡིན་པའི་ཕྱིར། ཤེས་སྒྲིབ་རྟོག་པ་ལྡན་ཚུལ། འདིར་བསྟན་རྟོག་པ་བཞི་དང་ཐེག་ཆེན་གྱི་སྦྱོར་ལམ་བཞི་སྤང་གཉེན་དུ་ལྡན་པ་ནི་རྟོག་པ་ཁྱད་ཆོས་སུ་ལྡན་པའི་དོན་ཡིན་ལ། དེ་ལྟར་སྤང་གཉེན་དུ་ལྡན་པ་ཡང་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་ལམ་བཞི་པོ་དེས་འདིར་བསྟན་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མངོན་གྱུར་བ་བཞི་པོ་དེ་རང་སྟོབས་ཀྱིས་དབལ་གཞོམ་པར་བྱེད་ཅིང༌། བཞི་པོ་དེ་དངོས་སུ་སྤོང་བའི་བར་ཆད་མེད་ལམ་རང་སྟོབས་ཀྱིས་འདྲེན་པར་བྱེད་པ་ཡིན་ནོ། །
Domain ཆོས་ལུགས།