65558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་བྱེད་ཀྱི་ལས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཐོག་མའི་མ་རིག་པའི་རྐྱེན་བྱས་པ་ལས་བྱུང་ཞིང་གང་ཟག་དེ་དང་དེའི་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་སེམས་བྱུང་སེམས་པ་ཞིག་ལ་གཉིས་པ་འདུ་བྱེད་ཀྱི་ལས་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་རྒྱུ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པས་ཀུན་ནས་བསླང་ཞིང་རང་འབྲས་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་སེམས་པ་དེ་ཡན་ལག་བཅུ་གཉིས་ཀྱི་ནང་ཚུན་དུ་གྱུར་པའི་གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ།
Domain ཆོས་ལུགས།