6556
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། ཀུན་རྫོབ་ཀྱི་སྣང་བ་དང་བཅས་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་ལུགས་རྣམ་མཁྱེན་གྱིས་ཤེས་བྱ་ཇི་ལྟར་མཁྱེན་པའི་ཚུལ་ཡོད་དེ། དོན་དམ་བདེན་པའི་ཤེས་བྱ་ཐམས་ཅད་གཉིས་སྣང་ནུབ་པའི་སྒོ་ནས་རྟོགས། ཀུན་རྫོབ་བདེན་པའི་ཤེས་བྱ་ཐམས་ཅད་གཉིས་སྣང་བཅས་པའི་སྒོ་ནས་རྟོགས་པའི་ཕྱིར། ཕྱི་མ་དེར་ཐལ། ཀུན་རྫོབ་བདེན་པའི་སྣང་བ་དང་བཅས་པའི་སྒོ་ནས་རྟོགས་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེའི་ངོར། ཡུལ་ཡུལ་ཅན་གཉིས་སུ་སྣང་བའི་ཚུལ་གྱིས་མཁྱེན་པའོ། །མདོ་ལས། གཟུགས་ནི་གཉིས་སུ་སྣང་བའོ། །ཞེས་གསུངས་པའི་ཕྱིར། ཀུན་རྫོབ་པའི་སྣང་བ་དང་བཅས་ནས་རྟོགས་པ་ལ་གཉིས་སྣང་དང་བཅས་ནས་རྟོགས་པ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། སེམས་ཅན་ལ་གཟུགས་སོགས་ཀུན་རྫོབ་པའི་ཆོས་སྣང་བ་ན། བདེན་པར་སྣང་བའི་སྒོ་ནས་ཡུལ་ཡུལ་ཅན་འབྲེལ་མེད་རྒྱང་ཆད་ཀྱི་སྣང་བ་འབྱུང༌། རྣམ་མཁྱེན་ལ་དེ་ལྟ་བུའི་སྣང་བ་མེད་ཀྱང་དེའི་རིགས་སུ་གནས་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཞེས་དང་། དབུ་མའི་མཐའ་དཔྱོད་ལས། གཉིས་སྣང་བཅས་ནུབ་ཀྱི་སྣང་བ་ཀུན་རྫོབ་ཀྱི་སྣང་བ་བཅས་ནུབ་ལ་བྱེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཀུན་རྫོབ་ཀྱི་སྣང་བ་ནུབ་པ་ལ་བྱེད་པ་རྗེའི་དགོངས་པར་འགྲོ་བ་ཡོད་པས་ཡིད་ཆེས་ཀྱི་གནས་སུ་མཛོད་ཅིག །ཅེས་གསུངས། |
| Domain | ཆོས་ལུགས། |