65565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་བྱེད་ཐམས་ཅད་ལ་བརྗེད་ངས་མེད་པར་གནས་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ འདས་པའི་འདུ་བྱེད་རྣམས་ལ་ནི་མི་རྟག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ༢ ད་ལྟར་བྱུང་བ་ལ་ནི་འཇིག་པའི་ཆོས་ཅན་དུ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་སོ། ། ༣ མ་འོངས་པ་རྣམས་ལ་ནི་སྐྱེ་བ་དང་འཇིག་པར་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་པའོ། །
Domain ཆོས་ལུགས།