6557
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། ཀུན་རྫོབ་ཀྱི་སྣང་བ་ནུབ་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། གཉིས་སྣང་བཅས་ནུབ་ཀྱི་སྣང་བ་ཀུན་རྫོབ་ཀྱི་སྣང་བ་བཅས་ནུབ་ལ་བྱེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཀུན་རྫོབ་ཀྱི་སྣང་བ་ནུབ་པ་ལ་བྱེད་པ་རྗེའི་དགོངས་པར་འགྲོ་བ་ཡོད་པས་ཡིད་ཆེས་ཀྱི་གནས་སུ་མཛོད་ཅིག །ཅེས་དང་། གཉིས་སྣང་བཅས་ནུབ་ཀྱི་དོན་ཀུན་རྫོབ་ཀྱི་སྣང་བ་དང་བཅས་ནུབ་ལ་བྱེད་པ་དང༌། ཇི་ལྟ་བ་གཟིགས་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས། ཇི་སྙེད་པ་གཉིས་སྣང་དང་བཅས་པའི་སྒོ་ནས་གཟིགས་དགོས་པས། ཇི་ལྟ་བ་གཟིགས་པའི་ངོར་ཇི་སྙེད་པ་མེད་པ་སོགས་ཡིན་ཡང༌། རྣམ་མཁྱེན་གྱིས་བུམ་པའི་ཆོས་ཉིད་གཟིགས་པའི་ངོར་ཀ་བའི་ཆོས་ཉིད་གཟིགས་པ་དང༌། ཀ་བ་གཟིགས་པའི་ངོར་བུམ་པ་གཟིགས་པ་སོགས་ཁས་བླངས་དགོས་ཏེ། དེ་རྣམས་ཇི་ལྟ་བ་དང༌། ཇི་སྙེད་པར་རིགས་མཐུན་པའི་ཕྱིར། ཞེས་དང་། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཁ་ཅིག རྣམ་མཁྱེན་གྱིས་དོན་དམ་བདེན་པ་གཉིས་སྣང་ནུབ་པའི་སྒོ་ནས་མ་རྟོགས་པར་ཐལ། ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་ཡང་མ་ནུབ། ཀུན་རྫོབ་པའི་སྣང་བ་ཡང་མ་ནུབ་པར་དོན་དམ་པ་རྟོགས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། རྣམ་མཁྱེན་གྱིས་ཡུལ་ཡུལ་ཅན་འབྲེལ་མེད་རྒྱང་ཆད་ཀྱི་གཉིས་སྣང་ནུབ་པའི་སྒོ་ནས་རྟོགས་པའི་ཕྱིར། ཞེས་དང་། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་ལྟ་བ་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པ་ཡིན་ཏེ། སེམས་ཅན་རྣམས་ལ་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ན། སྒྲ་དེའི་རྗེས་སུ་འབྲང་བའི་རྟོག་པ་དེ་ལ་ཡུལ་ཡུལ་ཅན་འབྲེལ་མེད་རྒྱང་ཆད་དུ་སྣང་ཞིང༌། སངས་རྒྱས་ཀྱིས་དེ་ལྟ་བུའི་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པའི་ཕྱིར་དང༌། གཉིས་སྣང་དེ་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། དེ་ལྟར་དོན་དམ་པའི་བདེན་པའོ། །ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་དེ་ནི་བརྫུན་ཏེ་བསླུ་བའི་ཆོས་སོ། །ཞེས་གསུངས་པའི་ཕྱིར། |
| Domain | [ཆོས་ལུགས།, ལྟ་གྲུབ།] |