65583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་བྱེད་རྣམས་ལ་མི་རྟག་པའི་འདུ་ཤེས་སྒོམ་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། མི་རྟག་པ་གང་ཞེ་ན། དེ་ལ་སྐད་ཅིག་རེ་རེ་ལ་འཇིག་པས་ན་མི་རྟག་པ་ཞེས་བྱའོ། །མི་བརྟན་པ་གང་ཞེ་ན། ཚེའི་ཚད་ངེས་པ་དང་འབྲེལ་པའི་ལུས་སུ་གནས་པས་ན་མི་བརྟན་པ་ཞེས་བྱའོ། །ཐེར་ཟུག་མ་ཡིན་པ་གང་ཞེ་ན། ཕྱི་རོལ་པ་རྣམས་ཀྱང་བསྐལ་བ་གཅིག་ལས་རིང་དུ་མི་གནས་པར་ངེས་པར་ན་ཐེར་ཟུག་མ་ཡིན་པ་རྣམས་སོ། །ཡིད་བརྟན་དུ་མི་རུང་བ་གང་ཞེ་ན། ཚེའི་མཐར་མ་ཕྱིན་པར་ཡང་དུས་མ་ཡིན་པར་འཆི་བའི་རྐྱེན་རྣམས་ཀྱིས་འཇིག་པར་འགྱུར་བ་སྲིད་པས་ན་ཡིད་བརྟན་དུ་མི་རུང་བ་ཞེས་བྱའོ། །འགྱུར་བའི་ཆོས་ཅན་གང་ཞེ་ན། ཇི་སྲིད་ཙམ་གྱི་བར་དུ་འཁོར་བ་དེ་སྲིད་ཙམ་གྱི་བར་དུ་ཡང་གཅིག་ཏུ་ངེས་པར་བདེ་བ་མེད་པས་ན་དེའི་ཕྱིར་འགྱུར་བའི་ཆོས་ཅན་ཞེས་བྱའོ། །
Domain ཆོས་ལུགས།