65598
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བསམ་པའམ་ངོས་འཛིན་པ་སྟེ། |
Example | མི་རིགས་ཀྱི་འདུ་ཤེས་ཡོད་མཁན། གྲོགས་པོའི་འདུ་ཤེས་བཅངས་ནས་རོགས་རམ་བྱས་ཞེས་པ་ལྟ་བུ། |
{{#arraymap:འདུ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་འགྲོ་ལྔའི་ཡ་གྱལ་ཏེ། ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་རང་སྟོབས་ཀྱིས་འབྱེད་པའི་ཤེས་པའོ། ། |
Domain | ཆོས་ལུགས། |
{{#arraymap:འདུ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཡུལ་གྱི་ཁྱད་པར་རམ་སྤུ་རིས་རྣམས་མ་ནོར་བར་ལེགས་པར་སོ་སོར་ཕྱེ་ནས་འཛིན་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལ་མཚན་མར་འཛིན་པ་ཞེས་ཀྱང་བྱ་སྟེ། ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མའམ་ཁྱད་པར་མ་ནོར་བར་སོ་སོར་ཕྱེ་ནས་འཛིན་པས་ན་དེ་སྐད་ཅེས་བྱ། མཚན་མར་འཛིན་ཞེས་པ་ནི། ཁྱད་པར་འཛིན་ཞེས་པ་དང་དོན་གཅིག སྒྲ་བཤད་ནི། ཕྱིའི་དམིགས་རྐྱེན་དང་ནང་གི་དེ་མ་ཐག་རྐྱེན་ལ་སོགས་པའི་རྐྱེན་མང་པོའི་འདུ་བའམ་ཚོགས་པ་ལས་ཤེས་པ་འབྱུང་བས་ན་འདུ་ཤེས་ཞེས་བྱའོ་ཞེས་སྒྲ་སྦྱོར་བམ་གཉིས་སུ་འབྱུང་ངོ་། |
{{#arraymap:འདུ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འདུ་ཤེས་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་མཚན་མ་སོ་སོར་གཅོད་པར་བྱེད་པའི་སེམས་བྱུང་། དེ་ཡང་ཆོས་རྣམས་ལ་གཞན་དང་མ་འདྲེས་པའི་ཐུན་མོང་མིན་པའི་ཁྱད་ཆོས་རེ་རེ་ཡོད་པ་ནི་མཚན་མ་ཡིན་པ་ལ་དེ་འཛིན་པའི་སྒོ་ནས་འདིའོ་ཞེས་ཐ་སྙད་འདོགས་པའི་རྒྱུར་གྱུར་པ་སྟེ། དཔེར་ན་ནོག་ལྐོག་ཤལ་བཟུང་ནས་འདི་ནི་བ་ལང་ངོ་ཞེས་པའི་ཐ་སྙད་འདོགས་པའི་རྒྱུར་གྱུར་པ་ལྟ་བུའོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །དེ་ཡང་སྔོན་པོ་ལ་སོགས་པའི་ཁྱད་པར་ཡོངས་སུ་གཅོད་པའོ། །དབྱེ་བ་ནི། དོན་ལ་མཚན་མར་འཛིན་པ་སྔོན་པོ་ལ་སོགས་པར་འཛིན་པ་དང། ཐ་སྙད་ལ་མཚན་མར་འཛིན་པ་སྐྱེས་པ་དང་བུད་མེད་ཅེས་བྱ་བ་ལ་སོགས་པར་འཛིན་པ་གཉིས་སོ། །ཡང་ན་རྟེན་གྱི་སྒོ་ནས་འདུ་ཤེས་ཀྱི་ཚོགས་དྲུག་གོ །བྱེད་ལས་ཐ་སྙད་འདོགས་པར་བྱེད་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
{{#arraymap:འདུ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པའི་རིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འདུ་ཤེས་ཀྱི་མཚན་ཉིད་ཅི་ཞེ་ན། འདུས་ཏེ་ཤེས་པར་བྱེད་པའི་མཚན་ཉིད་དེ། མཚན་མར་འཛིན་པ་དང། བཀྲ་བར་འཛིན་པའི་ངོ་བོ་་གང་གི་ཇི་ལྟར་མཐོང་བ་དང། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་རྣམས་ལ་ཐ་སྙད་འདོགས་པའོ་ཞེས་གསུངས། འདུ་ཤེས་ལ་དབྱེ་ན་། མཚན་མར་འཛིན་པ་དང། བཀྲ་བར་འཛིན་པ་གཉིས་ལས། མཚན་མར་འཛིན་པ་ནི་རྟོག་མེད་ཀྱི་ཤེས་པ་ལ་སྣང་བའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པའོ། །བཀྲ་བར་འཛིན་པ་ནི་རྣམ་རྟོག་ལ་སྣང་བའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པའོ། །འདུ་ཤེས་དེ་གཉིས་གང་ལ་འཇུག་པའི་གཞི་ནི། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ། རྣམ་པར་ཤེས་པ་རྣམས་ཡིན་ལ། དེ་དག་གི་དོན་ནི། མཐོང་བ་ནི་མངོན་སུམ་གྱིས་མཐོང་བའི་དོན་ལ་ཐ་སྙད་འདོགས་པ་དང། ཐོས་པ་ནི་ཡིད་ཆེས་ཀྱི་ཚིག་ཐོས་པ་ལ་བརྟེན་ནས་ཐ་སྙད་འདོགས་པ་དང། བྱེ་བྲག་ཕྱེད་པ་ནི་རྟགས་ལ་བརྟེན་ནས་ངེས་པའི་དོན་ལ་ཐ་སྙད་འདོགས་པ་དང། རྣམ་པར་ཤེས་པ་ནི་མངོན་སུམ་དུ་ངེས་པའི་དོན་ལ་ཐ་སྙད་འདོགས་པའོ། །མངོན་པ་མཛོད་ལས། དོན་ལ་མཚན་མར་འཛིན་པ་དང། ཐ་སྙད་ལ་མཚན་མར་འཛིན་པ་གཉིས་སུ་བཤད་ལ། དོན་ལ་མཚན་མར་འཛིན་པ་ནི། སྔོན་པོ་དང་སེར་པོ་སོགས་དོན་གྱི་སྤུ་རིས་སོ་སོར་ཕྱེ་ནས་འཛིན་པའོ། །ཐ་སྙད་ལ་མཚན་མར་འཛིན་པ་ནི། འདི་ནི་སྐྱེས་པའོ་འདི་ནི་བུད་མེད་དོ་སྙམ་དུ་ཐ་སྙད་ཀྱི་སྤུ་རིས་སོ་སོར་ཕྱེ་ནས་འཛིན་པ་ལ་བྱེད་དགོས་སོ། ། |
{{#arraymap:འདུ་ཤེས་
|; |@@@ | | }}