65601

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་ཤེས་ཀྱི་ཕུང་པོ་རྣམ་པ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས། ༢ རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས། ༣ སྣའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས། ༤ ལྕེའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས། ༥ ལུས་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས། ༦ ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་དྲུག་གོ ། དེ་དག་ཆུང་ངུ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པར་གྱུར་པས་སོ། །
Domain ཆོས་ལུགས།