65605
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བ་དངོས་གཞི་བསྐྱེད་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་གང་རུང་ངེས་བཟུང་དུ་དགོས་པའི་ལྟུང་བ་ཞིག་ལ་ཟེར། དེའི་དོན་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། ལྟུང་བ་བསྐྱེད་པ་ལ་འདུ་ཤེས་དང་དངོས་པོ་གང་གཙོ་བོ་ཡིན་ཞེ་ན། བཤད་དུ་ཡོད་དེ། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ། །བསམ་པ་ལ་ནི་དེ་ཉིད་དོ་ཞེས་འབྱུང་བ་ལྟར། སྦྱོར་ལྟུང་བསྐྱེད་པ་ལ་ནི་འདུ་ཤེས་ཡན་ལག་གི་གཙོ་བོ་ཡིན། མཐར་ཐུག་གི་ལྟུང་བ་བསྐྱེད་པ་ལ་བསམ་པའི་དོན་དང་འདུ་ཤེས་གཉིས་འཕྲད་པ་ཡན་ལག་ཏུ་དགོས་པའི་ཕྱིར། དེ་ཡང་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་འབྱུང་བ་ལྟར། མི་མོ་ལ་མི་ཚངས་པར་སྤྱོད་སྙམ་ནས་ཀླུ་མོ་ལ་སྤྱོད་ནའང་ཕམ་པ་དང་། དེ་ལ་ཁུ་བ་འབྱིན་སྙམ་ནས་གཅིག་ཤོས་ལ་ཁུ་བ་འབྱིན་ན་ཡང་ལྷག་མར་འགྱུར་བའི་ཕྱིར། དེར་མ་ཟད་རྫུན་སྨྲའི་ལྟུང་བ་བསྐྱེད་པ་ལ་ཡང་འདུ་ཤེས་བསམ་དོན་དང་འཕྲད་པ་མི་དགོས་ཏེ། མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་འབྱུང་བ་ལྟར། ལྷ་བྱིན་ལ་སྨྲའོ་སྙམ་ནས་མཆོད་སྦྱིན་ལ་སྨྲས་ན་ལྟུང་བ་རྫོགས་པར་བསྐྱེད་པའི་ཕྱིར། འོ་ན། གོང་དུ་མཐུ་དང་ལྡན་ན་དངོས་གཞི་ཞེས་བཤད་ན། དེ་གང་ཡིན་ཞེ་ན། བཤད་དུ་ཡོད་དེ། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་འབྱུང་བ་ལྟར། ལག་པས་ལག་པར་དང་། རྐང་པས་རྐང་པར་དང་། འདོམས་ཀྱིས་འདོམས་དང་། ཚིགས་ཀྱིས་ཚིགས་སུ་སྤྲད་དུ་རུང་བ་ནི་འཁྲིག་པ་བསྟེན་པའི་མཐུ་དང་ལྡན་པ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |