65606

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་ཤེས་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། དགེ་བའི་སེམས་དང། སྡིག་པའི་སེམས་དང། བཏང་སྙོམས་ཀྱི་སེམས་ཏེ། སེམས་གསུམ་ལ་མདོ་དགོངས་པ་འདུས་པར་འདུ་ཤེས་གསུམ་ཞེས་བརྗོད་པ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་འཆི་ཀ་མའི་དུས་དེ་ཡི་ཚེ་ན་འདུ་ཤེས་གསུམ་མམ་སེམས་གསུམ་དང་ལྡན་ཏེ། དོན་དང་ལྡན་པ་དགེ་བའི་སེམས་དང༌། དེ་ལ་ལོག་པ་སྡིག་པའི་སེམས་དང༌། གང་དེ་གཉིས་སུ་ལུང་དུ་མ་བསྟན་པ་བཏང་སྙོམས་ཀྱི་སེམས་ཏེ་དེ་ལྟར་གསུམ་དང་ལྡན་པའོ། །ཞེས་གསུངས།
Domain ཆོས་ལུགས།
འདུ་ཤེས་གསུམ་ (2)
Part of speech མིང་ཚིག
Definition དབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། འདུ་ཤེས་ཕྱིན་ཅི་ལོག་དང། འདུ་ཤེས་དག་པ་བ་དང། ཡང་དག་པའི་འདུ་ཤེས་ཞེས་བྱའོ། །ཡང་ན་འདུ་ཤེས་དེ་ལ་གཡེང་ལྡན་གྱི་འདུ་ཤེས་དང། མཉམ་པར་བཞག་པའི་འདུ་ཤེས་དང། ཕྲ་བའི་འདུ་ཤེས་གསུམ་མོ། །
Domain ལྟ་གྲུབ།