65607
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། གཟུགས་ཅན་གྱི་རྣམ་ཐར་སྒོམ་པའི་ཚེ་འདུ་ཤེས་གསུམ་ལ་བརྟེན་ནས་ཉེས་པ་གསུམ་འགོག་དགོས། དེའི་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འོ་ན་འདུ་ཤེས་གསུམ་ལ་བརྟེན་ནས་ཉེས་པ་གསུམ་ཁེགས་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཉེས་པ་གསུམ་ཡོད་དེ། སྡུག་མི་སྡུག་ཕན་ཚུན་ལྟོས་མེད་དུ་འཛིན་པ་དང། དེ་གཉིས་ཕན་ཚུན་ངོ་བོ་ཉིད་ཀྱིས་ཐ་དད་དུ་འཛིན་པ་དང། མི་སྡུག་པ་སྤྲུལ་པ་ལ་མི་དགའ་བའི་ཉེས་པ་དང་གསུམ་ཡོད་པའི་ཕྱིར། འདུ་ཤེས་གསུམ་ཡོད་དེ། ཕན་ཚུན་ལྟོས་པའི་འདུ་ཤེས་དང། རྗེས་སུ་འབྲེལ་བའི་འདུ་ཤེས་དང། གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་པའི་འདུ་ཤེས་གསུམ་ཡོད་པའི་ཕྱིར། འདུ་ཤེས་གསུམ་གྱིས་ཉེས་པ་གསུམ་གྱི་གཉེན་པོ་བྱེད་ཚུལ་ཡོད་དེ། དངུལ་བུམ་ལྟ་བུ་གསེར་བུམ་ལ་ལྟོས་ཏེ་མི་སྡུག་པའི་འདུ་ཤེས་བསྒོམས་པས་ཉེས་པ་དང་པོ་བཟློག །དངུལ་བུམ་གཅིག་ཉིད་ལ་གསེར་བུམ་ལ་ལྟོས་ཏེ་མི་སྡུག་པ་དང། རྫ་བུམ་ལ་ལྟོས་ཏེ་སྡུག་པ་གཉིས་ཀ་རྗེས་སུ་འབྲེལ་བར་བསྒོམས་པས་ཉེས་པ་གཉིས་པ་བཟློག།།གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་པར་བྱས་པས་ཉེས་པ་གསུམ་པ་བཟློག་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |