65608
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣམ་པར་བསྔོས་པའི་འདུ་ཤེས་ནི། མི་རོ་ལྟ་བུ་པགས་པའི་ཕྱི་རོལ་མདོག་སྔོན་པོར་གྱུར་པའོ། །རྣམ་པར་རྣགས་པའི་འདུ་ཤེས་ནི། པགས་པའི་ནང་ཅི་འདྲ་བ་བརྟགས་ན་རྣག་དང་། ཁྲག་དང་། ཆུ་སེར་དང་། བད་ཀན་དང་། ཀླད་རྒྱས་ལྟ་བུས་གང་བར་གྱུར་པའོ། །རྣམ་པར་འབུས་བཤིག་པའི་འདུ་ཤེས་ནི། ནང་དུ་སྦྲང་མ་སོང་ནས་འབུ་ཞུགས་པའོ། །རྣམ་པར་བམ་པའི་འདུ་ཤེས་ནི། ཕྱི་ནང་ཐམས་ཅད་རུལ་བའོ། །རྣམ་པར་དམར་བའི་འདུ་ཤེས་ནི། བྱ་ཁྱི་དང་ཝ་སྤྱང་གིས་རྨ་བཏོད་ཅིང་ནང་གི་ཤ་ཁྲག་ལ་སོགས་པ་ཕྱི་རོལ་དུ་སྣང་བའོ། །རྣམ་པར་ཟོས་པའི་འདུ་ཤེས་ནི། བྱ་ཁྱི་དང་ཝ་སྤྱང་ལ་སོགས་པས་ཟོས་པའོ། །རྣམ་པར་འཐོར་བའི་འདུ་ཤེས་ནི། གཟུགས་བཞི་དང་རུས་ཚིགས་སོ་སོར་གྱེས་པའོ། །རྣམ་པར་འཚིག་པའི་འདུ་ཤེས་ནི། རུས་པ་ལ་ཤ་དང་ཆུ་བ་ར་རི་དང་བཅས་པ་ཉི་མ་དང་ལྷགས་པས་བསྐམས་ཤིང་གདུངས་པའོ། །རུས་གོང་གི་འདུ་ཤེས་ནི། རུས་པ་དུང་གི་མདོག་ལྟར་དཀར་པོར་གྱུར་པའོ། །དེ་དག་ནི་ལུས་ལ་འདོད་ཆགས་པའི་གཉེན་པོར་བསྟན་པའོ། ། |
| Domain | ཆོས་ལུགས། |