6561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིས་སྣང་འཁྲུལ་པའི་ཆ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། ཤེས་པ་ལ་བདེན་གྲུབ་མ་ཡིན་པ་ལ་བདེན་གྲུབ་ཏུ་སྣང་བའི་སྣང་བ་འཁྲུལ་པ་ཅིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཊཱིཀ་ཆེན་ལས། དེ་ནི་མཚན་དོན་དང་མཐུན་པ་ཡིན་ཏེ། ས་གསུམ་པ་ཐོབ་པ་དེའི་ཚེ་ཤེས་བྱའི་བུད་ཤིང་མ་ལུས་པར་སྲེག་པའི་ཡེ་ཤེས་ཀྱི་མེ་གཉིས་སྣང་གི་སྤྲོས་པ་ཀུན། མཉམ་གཞག་ཏུ་ཞི་བར་བྱེད་པའི་བདག་ཉིད་ཅན་གྱི་འོད་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདིས་ནི་འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པར་སྣང་བའི་གཉིས་སྣང་འཁྲུལ་པ་ཤེས་སྒྲིབ་མ་ཡིན་པར་འདོད་པ་ཡང་བཀག་སྟེ། གཉིས་སྣང་འཁྲུལ་པ་ལ་ཤེས་སྒྲིབ་ཏུ་མཛད་པའི་ཕྱིར། ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]
Synonyms བདེན་སྣང་། གཉིས་སྣང་། གཉིས་སྣང་གི་སྤྲོས་པ། གཉིས་སྣང་འཁྲུལ་པའི་ཆ།

{{#arraymap:གཉིས་སྣང་འཁྲུལ་པའི་ཆ་

|; |@@@ | | }}