From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུ་ཤེས་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། མི་སྡུག་པའི་འདུ་ཤེས། མི་རྟག་པའི་འདུ་ཤེས། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས། ཟས་ལ་མི་འཕྲོད་པའི་འདུ་ཤེས། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས། སྣང་བའི་འདུ་ཤེས། འདོད་ཆགས་དང་བྲལ་བའི་འདུ་ཤེས། འགོག་པའི་འདུ་ཤེས། འཆི་བའི་འདུ་ཤེས་བསྒོམ་པར་བྱ་བའོ། །
|
| Domain
|
ཆོས་ལུགས།
|
འདུ་ཤེས་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
རིའི་ཀུན་དགའ་བོའི་མདོ་ལས་བྱུང་བ་སྟེ། མི་རྟག་པའི་འདུ་ཤེས། བདག་མེད་པའི་འདུ་ཤེས། མི་གཙང་བའི་འདུ་ཤེས། བར་དུ་གཅོད་པའི་འདུ་ཤེས། སྤོང་བའི་འདུ་ཤེས། འདོད་ཆགས་དང་བྲལ་བའི་འདུ་ཤེས། འགོག་པའི་འདུ་ཤེས། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས། འབྱུང་བ་དང༌། རྔུབ་པ་རྗེས་སུ་དྲན་པའི་འདུ་ཤེས་སོ། །
|
འདུ་ཤེས་བཅུ་ (3)
| Part of speech
|
མིང་ཚིག
|
| Definition
|
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། མི་རྟག་པའི་འདུ་ཤེས། དོན་མེད་པའི་འདུ་ཤེས། མི་སྡུག་པའི་འདུ་ཤེས། སྐྱོན་དང་བཅས་པའི་འདུ་ཤེས། སྲོག་ཆགས་ཀྱི་འདུ་ཤེས། འདོད་ཆགས་དང་བྲལ་བའི་འདུ་ཤེས། འགོག་པའི་འདུ་ཤེས། འཇིག་རྟེན་ཐམས་ཅད་ལ་མངོན་པར་དགའ་བ་མ་ཡིན་པའི་འདུ་ཤེས། འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས། དབུགས་ཕྱི་ནང་དུ་རྒྱུ་བའི་འདུ་ཤེས་སོ། །
|