65616
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདུ་ཤེས་མེད་པའི་སྙོམས་འཇུག་དང་ལྡན་པའི་རབ་ཏུ་ཕྱེ་བའི་བསམས་གཏན་བཞི་པའི་ལྷར་དམིགས་པ། འདུ་ཤེས་མེད་པ་པའི་མཚན་ཉིད། དེའི་ཚེ་ཚད་ཀྱང་བདགས་པའི་བསྟན་བཅོས་ལས་བསྐལ་པ་ལྔ་བརྒྱར་བཤད་དོ། །དེའི་རྒྱུད་ལ་སྐྱེ་འཆིའི་ཚེ་འདུ་ཤེས་འབྱུང་གི་གཏན་དུ་འདུ་ཤེས་དང་མི་ལྡན་ཏེ། དེའི་རྒྱུད་ཀྱི་སྙོམས་འཇུག་གིས་རེ་ཤིག་དེའི་རྒྱུད་ལ་སེམས་སེམས་བྱུང་སྐྱེ་བ་འགོག་པའི་ཕྱིར། དེའི་གནས་ནི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་ལ། དེ་བྱུང་བ་གསུམ་གྱི་ནང་ནས་རྣམ་སྨིན་ལས་བྱུང་བ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར། འདུ་ཤེས་མེད་པ་པ་ཤི་འཕོས་པ་ན་འདོད་པར་སྐྱེ་སྟེ། དཔེར་བྱང་སྒྲ་མི་སྙན་པ་ཤི་འཕོས་པ་ན་རྒྱལ་ཆེན་རིགས་བཞིའི་ལྷར་སྐྱེ་བ་བཞིན་ནོ། །ཁ་ཅིག དེའི་རྒྱུད་ལ་འདུ་ཤེས་གཏན་མེད་པ་མ་ཡིན་ཏེ། གང་ཟག་ཡིན་ན། ཡིད་དབང་རྒྱུད་ལྡན་ཡིན་དགོས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་རྒྱུད་ལ་དེ་དབང་འབྱོར་བའི་ཚུལ་གྱིས་ལྡན་ཡང་མངོན་གྱུར་དུ་མི་ལྡན་པའི་ཕྱིར། |
| Domain | ཆོས་ལུགས། |