From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུ་ཤེས་རྣམ་པ་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། གཟུགས་ཀྱི་འདུ་ཤེས། སྒྲའི་འདུ་ཤེས། དྲིའི་འདུ་ཤེས། རོའི་འདུ་ཤེས། རེག་བྱའི་འདུ་ཤེས། ཆོས་ཀྱི་འདུ་ཤེས་སོ། །
|
| Domain
|
ཆོས་ལུགས།
|
འདུ་ཤེས་རྣམ་པ་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ མཚན་མ་དང་བཅས་པའི་འདུ་ཤེས་ནི། ཅི་ཡང་མེད་པའི་འདུ་ཤེས་མན་དེ་དག་ཐམས་ཅད་ནི་མཚན་མ་དང་བཅས་པའི་འདུ་ཤེས་སོ། ། ༢ མཚན་མ་མེད་པའི་འདུ་ཤེས་ནི། སྲིད་པའི་རྩེ་མོའི་འདུ་ཤེས་གང་ཡིན་པ་དང་། འཇིག་རྟེན་ལས་འདས་པ་སློབ་པ་དང་། མི་སློབ་པའི་ཐམས་ཅད་ནི་ཀུན་ཏུ་ཤེས་པར་བྱེད་པའི་མཚན་ཉིད་ཡིན་ནོ། ། ༣ ཆུང་ངུའི་འདུ་ཤེས་ནི། འདོད་པ་ན་སྤྱོད་པའི་འདུས་ཤེས་སོ། ། ༤ ཆེན་པོར་གྱུར་པའི་འདུ་ཤེས་ནི། གཟུགས་ན་སྤྱོད་པའི་འདུ་ཤེས་སོ། ། ༥ ཚད་མེད་པའི་འདུ་ཤེས་ནི། ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་སྤྱོད་པའི་འདུ་ཤེས་སོ། ། ༦ ཅི་ཡང་མེད་པའི་འདུ་ཤེས་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ན་སྤྱོད་པའི་འདུ་ཤེས་སོ། །
|