65638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་ཤེས་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སྔོན་གྱི་ཚེ་རབས་སུ་སྙིང་དུ་སྡུག་པར་གྱུར་པའི་འདུ་ཤེས། ཆོས་ཙམ་གྱི་རྗེས་སུ་འབྲང་བའི་འདུ་ཤེས། མི་རྟག་པའི་འདུ་ཤེས། སྡུག་བསྔལ་བའི་འདུ་ཤེས། ཡོངས་སུ་བཟུང་བའི་འདུ་ཤེས་སོ། །
Domain ཆོས་ལུགས།
འདུ་ཤེས་ལྔ་ (2)
Part of speech མིང་ཚིག
Definition མི་གཙང་བའི་འདུ་ཤེས། དྲི་མི་ཞིམ་པའི་འདུ་ཤེས། བརྩོན་རའི་འདུ་ཤེས། མུན་ནག་གི་འདུ་ཤེས། ཕྱིར་འབྱུང་བའི་འདུ་ཤེས་སོ། །
འདུ་ཤེས་ལྔ་ (3)
Part of speech མིང་ཚིག
Definition ཆོས་འཆད་དུས་ཀྱི་འདུ་ཤེས་ལྔ་སྟེ། རང་ལ་སྨན་པ་དང༌། ཆོས་ལ་སྨན། ཉན་པ་པོ་ལ་ནད་པ། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པ་བཅས་ཀྱི་འདུ་ཤེས་བསྐྱེད་པ།