From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུག་གནས་སུ་ཟ་བའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
|
འདུག་གནས་སུ་ཟ་བའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་ན་དྲུག་སྡེས་རི་བྲག་གི་འདུག་གནས་སུ་གནས་ཏེ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྩོད་པ་རྒྱས་པར་འགྱུར་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་མུ་སྟེགས་ཅན་གྱི་འདུག་གནས་སྦྱིན་བདག་ཁྱིམ་པའི་བྱས་ཤིང་མཆོད་གནས་མུ་སྟེགས་ཡོད་པའི་གནས་དེར་ཞག་གཅིག་གནས་ཏེ་ཟས་གཉིས་པ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ངོ་བོ་ནི། མུ་སྟེགས་པའི་རབ་བྱུང་ཡོད་པའི་ཁྱིམ་པའི་གནས་སུ་དགེ་སློང་ནད་པ་མ་ཡིན་པས་ཞག་གཅིག་ལས་ལྷག་པ་གནས་ཏེ་ཁ་ཟས་ལ་ལོངས་སྤྱོད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|